རྒྱ་ནག་གི་འགོ་ཁྲིད་ཧུའུ་ཁེ་ན་ཌར་འཚམས་གཟིགས།

རྒྱ་ནག་གི་འགོ་ཁྲིད་ཧུའུ་ཅིང་ཐའོ་ཁེ་ན་ཌའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འགོ་ཚུགས་ཡོད་པ་རེད།

2010.06.23

༄༅༎ཕྱི་ཚེས་༢༣ཉིན་རྒྱབ་རྒྱ་ནག་གི་འགོ་ཁྲིད་ཧུའུ་ཅིང་ཐའོ་རྒྱ་ནག་ནས་ཁ་བྲལ་ཏེ་དུས་ཡུན་ཉིན་གྲངས་གསུམ་རིང་ཁེ་ན་ཌའི་ནང་རྒྱལ་དོན་འཚམས་གཟིགས་གནང་རྒྱུ་དང་དེའི་བར་ཁེ་ན་ཌའི་ནང་ཚུགས་རྒྱུའི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་རྒྱུ་ཡིན་པ་རེད།

རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་དེའི་སྐོར་འགྲེལ་བརྗོད་བྱས་དོན་ལྟར་ན་ རྒྱ་ནག་གི་འགོ་ཁྲིད་ཧུའུ་ཅིང་ཐའོ་ཁེ་ན་ཌའི་ནང་རྒྱལ་དོན་འཚམས་གཟིགས་གནང་རིང་ཡུལ་དེའི་ཆེས་མཐོའི་དཔོན་རིགས་རྣམ་པ་ཚོ་དང་མཇལ་འཕྲད་གནང་འཆར་ཡོད་པ་མ་ཟད་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་སྲ་བརྟན་དང་ཚོང་དོན་འབྲེལ་ལམ་སོགས་ཀྱི་གྲོས་མཐུན་ཁག་ཀྱང་འཇོག་རྒྱུ་ཡིན་པ་རེད་

ད་རེས་རྒྱ་ནག་གི་འགོ་ཁྲིད་ཧུའུ་ཇིང་ཐའོ་ཁེ་ན་ཌའི་ཡུལ་ནང་རྒྱལ་དོན་འཚམས་གཟིགས་དང་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་དབུ་ཁྲིད་ལྷན་ཚོགས་ཐོག་མ་ཕེབས་སྔོན་ ཆེས་མཐོའི་ལྷན་ཚོགས་དེའི་ཐོག་མི་མང་ཤོག་སྒོར་གྱི་འཛའ་ཐང་འཕར་མ་བྱ་རྒྱུའི་གནད་དོན་གླེང་སློང་ཡོང་རྒྱུར་སྔོན་འགོག་ཆེད་གཟའ་སྤེན་པའི་ཉིན་རྒྱ་ནག་དབུས་དངུལ་ཁང་གིས་མི་མང་ཤོག་སྒོར་གྱི་འཛའ་ཐང་ཕྲན་བུའི་འཕར་ཆ་བྱས་ཡོད་ཅིང་ཡིན་ནའི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེའི་ཐོག་ཚོགས་ཞུགས་ཡུལ་གྲུ་ཁག་དང་ལྷག་པར་དུ་ཨ་རི་གཞུང་གིས་རྒྱ་ནག་གི་མི་མང་ཤོག་སྒོར་གྱི་འཛའ་ཐང་འཕར་ཆར་སྟངས་འཛིན་བྱེད་བཞིན་པའི་གནས་སྟངས་སེལ་ཐབས་ཀའ་མོལ་གནང་རྒྱུར་རྒྱ་ནག་གི་འགོ་ཁྲིད་ཧུའུ་ཇིང་ཏའོ་ཡིས་གདོང་ལེན་བྱེད་དགོས་ཡས་ཤིག་ཆགས་རྒྱུ་ཡིན་པའི་སྐོར་རྒྱ་ནག་གི་ཆིང་ཧའ་སློབ་གྲ་ཆེན་མོའི་དཔལ་འབྱོར་རིག་པ་བ་པེ་ཀྲི་རིཀ་ཆོ་ལྦ་ནེཀ་ཡིས་གསུང་འདུག གནད་དོན་དབྱེ་ཞིབ་པ་ཚོས་ ད་རེས་ཀྱི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེའི་ཐོག་ཨ་རི་དང་ནུབ་ཕྱོགས་ཡུལ་གྲུ་ཚོས་མི་མང་ཤོག་སྒོར་གྱི་འཛའ་ཐང་འཕར་ཆ་དང་དེ་བཞིན་བྱང་ཀོ་རི་ཡས་ཉེ་ཆར་ལྷོ་ཀོ་རི་ཡའི་དམག་གྲུ་གཏོར་སྐྱོན་བཏང་བའི་གནད་དོན་སོགས་གླེང་སློང་གནང་རྒྱུའི་སྐོར་དབྱེ་ཞིབ་གནང་གི་ཡོད་པ་དང་ ཡིན་ནའི་ད་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་མི་མང་ཤོག་སྒོར་གྱི་འཛའ་ཐང་འཕར་ཆའི་གནད་དོན་དང་དེ་མིན་གནོན་ཤུགས་སྤྲོད་ཡས་ཀྱི་གནད་དོན་རིགས་གླེང་སློང་གནང་རྒྱུ་མེད་པའི་སྐོར་བརྗོད་ཡོད་ཅིང་ རྒྱ་ནག་གཞུང་ངོས་ནས་ལྷན་ཚོགས་དེའི་ཐོག་འཛམ་གླིང་ཞི་བདེ་ཡོང་ཐབས་དང་ དེ་བཞིན་ཁྱིམ་མཚེས་ཡུལ་གྲུའི་དབར་འཆམ་མཐུན་དང་ བདེ་འཇགས་ སྲུང་སྐྱོབ་སོགས་ཀྱི་གནད་དོན་ཐོག་གླེང་སློང་ཡོང་རྒྱུའི་འདོད་ཚུལ་བཏོན་གྱི་ཡོད་པ་རེད་ རྒྱ་ནག་གི་འགོ་ཁྲིད་ཧུའུ་ཇིང་ཐའོ་ཁེ་ན་ཌའི་ནང་རྒྱལ་དོན་འཚམས་གཟིགས་དང་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་ཚུགས་ཞུགས་གནང་རྒྱུའི་ཞོར་དུ་ཉི་ཧོང་གི་སྲིད་བློན་གསར་པ་ནའོ་ཏོ་ཀན་དང་དབྱིན་ཇིའི་སྲིད་བློན་ཌེ་ལྦི་ཌི་ཁེམ་རོན་རྣམ་གཉིས་དང་མཇལ་འཕྲད་གནང་འཆར་ཡོད་ཅིང་ ཡིན་ནའི་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ལྷན་དུ་མཇལ་འཕྲད་གནང་འཆར་ཡོད་མིན་ཁ་གསལ་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎