ཧུ་ཅིན་ཐའོ་དང་ཀིམ་ཇོང་ཨིལ་དབར་མཇལ་འཕྲད་བྱས་པ།

རྒྱ་ནག་གི་སྲིད་འཛིན་ནས་བྱང་ཀོ་རི་ཡའི་དབུ་ཁྲིད་དང་ལས་བཟོ་བའི་ཚོགས་པའི་ཚོགས་གཙོ་གཉིས་དང་མཇལ་འཕྲད་བྱས་ཡོད་པའི་གནས་ཚུལ།

2010.09.05

༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་ཕྱི་ཟླ་བརྒྱད་པའི་ཚེས་༢༧ཉིན་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨིལ་དང་ལས་བཟོ་བའི་ཚོགས་པའི་ཚོགས་གཙོ་གཉིས་དང་རྒྱ་ནག་གི་བྱང་ཤར་ཅི་ལིན་ཞིང་ཆེན་གྱི་ཁྲང་ཁྲུན་གྲོང་ཁྱེར་ནང་མཇལ་འཕྲད་བྱས་པའི་སྐོར་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་བ་དེ་རིང་ཕྱི་རྒྱལ་གསར་ཤོག་གིས་ལུང་འདྲེན་བྱས་འདུག

ཕྱི་རྒྱལ་གྱི་གསར་ཤོག་དེའི་ཐོག་ལ། བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨིལ་ནི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཡིས་གདན་ཞུ་ལྟར་ཕྱི་ཟླ་བརྒྱད་པའི་ཚེ་ས༢༦ནས་༣༠བར་གཞུང་འབྲེལ་མ་ཡིན་པའི་ངོ་བོའི་ཐོག་ནས་འཚམས་འདྲིར་བསྐྱོད་དེ། ཉིན་གྲངས་དེའི་རིང་ལ་རྒྱ་ནག་གི་བྱང་ཤར་ཅི་ལིན་དང་ཧེ་ལོང་ཅང་ཞིང་ཆེན་ནང་གི་དམག་དཔུང་རྟེན་གཞི་ཁག་ཏུ་རྟོགས་ཞིབ་ཏུ་འཚམས་འདྲིར་བསྐྱོད་ཡོད་པ་དང། སྐབས་དེར་ཅི་ལིན་ཞིང་ཆེན་གྱི་ཁྲང་ཁྲུན་གྲོང་ཁྱེར་དུ་ཧུ་ཅིན་ཐའོ་དང་ཀིམ་ཇོང་ཨིལ་མཇལ་འཕྲད་སྐབས། ཧུ་ཅིན་ཐའོ་ནས་ཀིམ་ཇོང་ཨིལ་བསྐྱར་དུ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པར་མཛའ་བརྩེའི་དགའ་བསུ་ཞུས་པ་མ་ཟད། བར་ལམ་ཀན་སུའུ་དང་ལྷོ་ནུབ་ཀྲེ་ཅང་ཞིང་ཆེན་ནང་དུ་ཆུ་ལོག་དང་ས་རུད་ཀྱི་རང་འབྱུང་གནོད་འཚེ་བྱུང་བར་བྱང་ཀོ་རི་ཡའི་ཕྱོགས་ནས་སེམས་གསོའི་འཚམས་འདྲི་གནང་བར་དེ་ཚོར་རྗེས་སུ་ཡིད་རངས་ཞུ་འོས་པའི་སྔགས་བརྗོད་བྱས་པ་དང་ཆབས་ཅིག་བྱང་ཀོ་རི་ཡའི་ས་ཁུལ་ཁག་ཅིག་ནང་ལ་ཉེ་དུས་ཆུ་ལོག་གི་གནོད་འཚེ་བྱུང་བ་དེ་ཚོར་ཡང་གདུང་སེམས་ཉམས་བསྐྱེད་ཡོད་ཚུལ་བཤད་ཡོད་པའི་སྐོར་དང། ད་དུང་ཧུ་ཅིན་ཐའོ་ནས་རྒྱལ་ཁབ་གཉིས་དབར་གྱི་ལས་དོན་གྱི་ཚན་པ་ཁག་འགའ་ཤས་ཐོག་མཉམ་ལས་དང་གོ་རྟོགས་སྤེལ་རེས་བྱ་རྒྱུ་དང། ཕྱོགས་གཉིས་དབར་ས་མཚམས་འཁེལ་ཡུལ་གྱི་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཆན་ཁག་གི་འགན་འཁྲི་ཆེ་རུ་འགྲོ་བ་བཞིན་ཕྱོགས་གཉིས་པོའི་འབྲེལ་ལམ་དང་ལྷོ་བྱང་ཀོ་རི་ཡའི་འབྲེལ་ལམ་གྱི་གནད་དོན། རྒྱལ་ནང་སོ་སོའི་གནད་དོན་ཐོག་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ལམ་མུ་མཐུད་དམ་གཟབ་དུ་གནས་རྒྱུ་ཡིན་པ་དང༌། རྒྱ་ནག་ཕྱོགས་ནས་བྱང་ཀོ་རི་ཡའི་ལྷན་དུ་མཛའ་གྲོགས་ཀྱི་འབྲེལ་ལམ་རྒྱུན་གནས་དང་མཉམ་ལས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་བར་ཐོུང་གི་ནུས་པ་འདོན་སྤེལ་བྱེད་རྒྱུར་གྲ་སྒྲིག་ཡོད་ཚུལ་བཤད་ཡོད་པའི་གནས་ཚུལ་ལུང་འདྲེན་བྱས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎