རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་བརྒྱབ་པ།

རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་བརྒྱབ་ཏེ་སྡོད་ཁྱིམ་བརྒྱ་ལྷག་ལོག་པ་དང་མི་གཅིག་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ།

2010.01.31

༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་འགུལ་ཚད་༥དང་གྲངས་ཆུང་གཉིས་བརྒྱབ་ཏེ། སྡོད་ཁྱིམ་བརྒྱ་ལྷག་ལོག་པ་དང། མི་གཅིག་རྐྱེན་ལམ་དུ་ཕྱིན་པ། མི་༡༡རྨས་སྐྱོན་ཕོག་པའི་སྐོར་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གི་དཔོན་རིགས་ནས་བཤད་ཡོད་པ་རེད།

ཨ་མི་རི་ཀའི་ས་ཡོམ་རྟགས་ཞིབ་པས་གསུངས་ན། རེས་གཟའ་སྤེན་པའི་ཉིན་གྱི་ས་ཡོམ་གྱི་གནོད་འཚེ་དེ་ནི། ཟི་ཁྲོན་ཞིང་ཆེན་གྱི་ལྷོ་ཤར་ཕྱོགས་སུ་ཀི་ལོ་མི་ཊར་༣༥མཚམས་སུ་ཡོད་པའི་སུ་ནིང་ས་གནས་ནང་བརྒྱབ་ཡོད་པ་གསུངས་ཡོད་ཅིང། ས་ཡོམ་གྱི་འགུལ་ཚད་དེའི་ཐོག་ནས། སུ་ནིང་ས་གནས་ཀྱི་མོཀ་ཤི་ས་ཁུལ་ནང་དུ་ཁང་པ་ལོག་ཡོད་པ་དང། སུ་ནིང་གྲོང་ཁྱེར་དེའི་ནང་དུ་མི་འབོར་ས་ཡ་གསུམ་དང་ཕྱེད་ཀ་ཙམ་གནས་སྡོད་བྱེད་ཡུལ་ཞིག་ཡིན་པ་རེད། དེ་སྔོན་ཕྱི་ལོ་༢༠༠༨ལོར་ཟི་ཁྲོན་ཞིང་ཆེན་དེའི་ནང་དུ་ས་ཡོམ་འགུལ་ཚད་༨བརྒྱབ་ཏེ་མི་རྒྱུ་གཉིས་ལ་ཚབས་ཆེའི་གནོད་འཚེ་བཟོས་ཏེ། ཁྱོན་མི་ཤི་བ་དང་རྙེད་སོན་མ་བྱུང་བར་མི་གྲངས་བརྒྱད་ཁྲི་བདུན་སྟོང་བྱུང་ཡོད་ཅིང། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གི་ནང། ཟི་ཁྲོན་ཞིང་ཆེན་ནང་གི་འབྲེལ་ཡོད་རྒྱ་མའི་དཔོན་རིགས་ཚོས། ད་རེས་རེས་གཟའ་སྤེན་པའི་ཉིན་བརྒྱབ་པའི་ས་ཡོམ་གྱི་གནོད་འཚེ་དེ་ནི། ཕྱི་ལོ་༢༠༠༨ལོར་ས་ཡོམ་ཚབས་ཆེ་ཞིག་བརྒྱབ་པ་དེའི་རྗེས་སུ་བྱུང་བ་ཞིག་ཡིན་མིན་དང་འབྲེལ་བ་ཡོད་མེད་སྐོར་ངེས་གཏན་ཤེས་རྟོགས་མེད་པའི་གནས་ཚུལ་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎