བལ་ཡུལ་དུ་མའོ་ཚོགས་པས་རྒྱལ་ཡོངས་སུ་ངོ་རྒོལ་བྱ་འཆར།

བལ་ཡུལ་ནང་མའོའི་དམར་ཤོག་ཚོགས་པས་རྒྱལ་ཡོངས་ནང་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་གནང་འདུག

2009.05.31

༄༅༎བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་ཚོགས་གཙོ་སུ་སྦཤ་ནམ་ལྦང་མཆོག་གིས་བལ་ཡུལ་གྱི་སྲིད་འཛིན་གྱིས་ཁྲིམས་འགལ་བྱ་སྤྱོད་བྱུང་ལུགས་ཀྱི་མའོའི་དམར་ཤོག་ཚོགས་པའི་གྲོས་འཆར་ངོས་ལེན་མ་གནང་བར་བརྟེན་མའོའི་དམར་ཤོག་ཚོགས་པས་གྲོས་འཆར་གྱི་ལས་རིམ་བཀག་འགོག་བྱ་རྒྱུ་མ་ཟད་རྒྱལ་ཡོངས་ནང་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་གནང་འདུག

མའོའི་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་དམག་སྤྱི་གནས་དབྱུང་བཏང་ཡང་སྲིད་འཛིན་གྱིས་དམག་སྤྱིའི་ལས་གནས་རང་སོར་གནས་དགོས་པའི་བཀོད་ཁྱབ་བཏང་བར་བརྟེན་མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་སྲིད་བློན་ལས་གནས་ནས་དགོང་ཞུ་གནང་བ་རེད། འོན་ཀྱང་སྲིད་འཛིན་རཱམ་སྦ་རན་ཡ་རྡལྦ་མཆོག་གིས་སྲིད་བློན་གྱིས་དམག་སྤྱི་གནས་དབྱུང་བཏང་བར་བརྩི་མེད་ཀྱིས་དམག་སྤྱིའི་ལས་གནས་རང་སོར་ཆུད་པ་གནང་བ་ནི་ཁྲིམས་འགལ་ཡིན་པར་མའོའི་དམར་ཤོག་ཚོགས་པས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མའོའི་དམར་ཤོག་ཚོགས་པས་དམག་སྤྱི་གནས་དབྱུང་བཏང་བའི་རྒྱུ་མཚན་བཀོད་པ་ནི་ཞི་བའི་སྲིད་གཞུང་གི་སྟངས་འཛིན་འོག་དྲག་པོའི་སྒྲིག་འཛུགས་ཚུད་དགོས་ལུགས་འགྲེལ་བརྗོད་གནང་གི་ཡོད་པ་རེད། འོན་ཀྱང་དྲག་པོའི་སྒྲིག་འཛུགས་ཀྱིས་སྲིད་འཛིན་ལ་འགན་ཁུར་བྱེད་དགོས་པའི་ལམ་སྲོལ་ཨེ་ཤེ་ཡའི་མང་གཙོའི་ཡུལ་གྲུ་ཕལ་མོ་ཆེའི་ནང་ཡོད་པ་རེད། གང་ལྟར་བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མི་དྲུག་བརྒྱ་གཅིག་ཡོད་པའི་ཚོགས་གཙོ་སུ་སྦཤ་ནེམ་ལྦང་གིས་དྲང་པོ་བྱེད་ཀྱི་མེད་པ་དང་མི་མང་གི་བགྲོ་གླེང་བྱེད་ཆོག་པའི་ཐོབ་ཐང་འཕྲོག་གི་ཡོད་ལུགས་མའོའི་དམར་ཤོག་ཚོགས་པས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎