རྒྱ་ནག་གི་སྟངས་འཛིན་འོག་ཧོང་ཀོང་རིམ་བཞིན་བོད་ནང་བཞིན་ཆགས་རྒྱུ་རེད། སྲིད་སྐྱོང་མཆོག་གིས།


2020.07.08
ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལག་བསྟར་ལས་ཁུངས་མདུན། ༢༠༢༠།༧།༨ ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལག་བསྟར་ལས་ཁུངས་མདུན། ༢༠༢༠།༧།༨
AFP

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གསར་བ་གཏན་འབེབས་ལག་བསྟར་བྱས་བས་ཧོང་ཀོང་དེ་བཞིན་བོད་ནང་བཞིན་ཆགས་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཧྥ་རན་སི་གསར་འགྱུར་བརྒྱུད་ལམ་གྱི་དྲི་བར་ལན་འདེབས་གནང་བའི་སྐབས། རྒྱ་ནག་གཞུང་གིས་ལོ་ངོ་བདུན་ཅུའི་གོང་བོད་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པའི་སྐབས། བོད་མི་དམངས་ཀྱི་འདོད་མོས་བཞིན་བོད་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལྟ་བུའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་ཁས་ལེན་བྱས་པ་རྣམས་བརྩི་མེད་བཏང་བ་བཞིན། ད་ལྟའི་ཧོང་ཀོང་གི་གནས་སྟངས་ཡང་བོད་ལྟར་གྱི་ལམ་དུ་བསྐྱོད་རྒྱུ་ཡིན་པ་གསུངས་ཡོད་ཅིང་། དེ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ཀྱི་བསམ་ཚུལ་བརྩི་མེད་ཀྱིས་ཧོང་ཀོང་མི་དམངས་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་བརྩི་མེད་རྡོག་རོལ་བྱས་ནས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་དང་། དེང་སྐབས་ཧོང་ཀོང་ནང་བྱུང་བཞིན་པའི་གནས་སྟངས་དེ་ནི་བོད་ནང་ལོ་ངོ་བདུན་བཅུའི་གོང་བྱུང་ཟིན་པར་བརྟེན། རྒྱ་གར་གཞུང་གིས་ཀྱང་རྒྱ་ནག་དང་ས་མཚམས་ཀྱི་རྩོད་གླེང་གནད་དོན་ཐད་རྒྱ་ནག་གི་ལངས་ཕྱོགས་ལ་ཡིད་ཆེས་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་གནང་ཡོད་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས། རྒྱ་གར་གཞུང་གིས་རྒྱ་ནག་གིས་བཟོས་བའི་ཁ་པར་མཉེན་ཆས་སྐད་འཕྲིན་སོགས་རྒྱ་གར་ནང་བཀག་སྡོམ་བྱེད་བཞིན་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། འདས་པའི་ལོ་ངོ་དྲུག་བདུན་ཙམ་ནང་སྐད་འཕྲིན་དེ་བཞིན་བོད་མི་ཚོས་ཀྱང་བོད་ནང་གི་རང་གི་ནང་མི་སྤུན་ཉེ་དང་འབྲེལ་ལམ་བྱེད་སའི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་བདེ་འཇགས་དང་ཉེན་ཁ་གཙོར་བཟུང་གིས་རྒྱ་ནག་གི་དྲ་རྒྱའི་ཡོ་ཆས་རིགས་བེད་སྤྱོད་བྱ་མི་དགོས་པར་ཐབས་ལམ་གཞན་བརྒྱུད་ནས་བོད་ནང་གི་སྤུན་ཉེ་ཚོ་དང་ཕན་ཚུན་འབྲེལ་བ་བྱ་ཐུབ་རྒྱུར་ཡིད་ཆེས་གནང་གི་ཡོད་པ་སོགས་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎