བོད་ནང་ཉེན་རྟོག་དམག་དཔུང་ཁ་སྣོན་དགོས་ལུཌ་བརྗོད་འདུག

བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིཌནས་བོད་ནང་ཉེན་རྟོག་དམག་དཔུང་ཁ་སྣོན་དགོས་གལ་ཡོད་ལུཌ་རྒྱ་ནག་དབུས་གཞུང་ལ་དགོས་འདུན་བཏོན་པ།

2009.03.06

༄༅༎བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ནས་བོད་ནང་ཉེན་རྟོག་དམག་དཔུང་ཁ་སྣོན་དགོས་གལ་ཡོད་ལུགས་རྒྱ་ནག་དབུས་གཞུང་ལ་དགོས་འདུན་བཏོན་ཡོད་པ་རེད།

དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་བྱམས་པ་ཕུན་ཚོགས་ཀྱིས་ཕྱི་ཚེས་ལྔ་ཉིན་བོད་ནང་མི་མང་དཀྱུས་མ་རྣམས་ཧ་ཅང་ཞི་འཇམ་ངང་གནས་ཡོད་པའི་ཁར་རྒྱ་ནག་གཞུང་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ལུགས་དང་གཞུང་ལ་འདོད་བློ་མི་ཁེངས་པའི་མི་ཉུང་ཤས་ཡིན་ལུགས་སྐོར་གསར་འགོད་པའི་འདྲི་བར་ལེན་འདེབས་གནང་བའི་སྐབས་བརྗོད་ཡོད་ན་ཡང་ད་རེས་ཕྱི་ཚེས་དྲུག་ཉིན་ཕེ་རན་སི་གསར་འགྱུར་རྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་བྱམས་པ་ཕུན་ཚོགས་ལགས་ཀྱིས་བོད་ནང་བསྐྱར་དུ་ངོ་རྒོལ་ཟིང་འཁྲུག་གི་གནས་ཚུལ་ལྷག་རྒྱུར་འགོག་ཐབས་ཆེད་བོད་ནང་གི་ད་ལྟའི་ཉེན་རྟོག་དམག་དཔུང་གིས་སྲུང་སྐྱོབས་ལས་དོན་སྤེལ་རྒྱུར་འདེངས་ངེས་མེད་པ་དང་ད་དུང་དྲག་ཆས་ཉེན་རྟོག་དམག་མི་དང་མི་གསོད་དམག་མི་ས་མཚམས་སུ་སྲུང་སྐྱོབ་དམག་མི་བདེ་འཇགས་སྲུང་སྐྱོབ་དམག་མི་སོགས་ཁ་སྣོན་དགོས་གལ་ཡོད་པའི་སྐོད་བཤད་ཡོད་པ་རེད། བདུན་ཕྲག་རྗེས་མ་ནི་རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུས་པའི་བོད་མི་ཁྲི་སྟོང་མང་པོ་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་དེ་བཞིན་ན་ཉིན་བོད་མདོ་དབུས་ཁམས་གསུམ་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ནས་ལོ་གཅིག་འཁོར་བའི་དུས་དྲན་འཁེལ་གྱི་ཡོད་པར་བརྟེན་ཚོར་བ་རྣོ་བའི་དུས་དྲན་རིང་རྒྱ་ནག་གཞུང་གིས་བོད་ནང་བསྐྱར་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་དོགས་གཞི་དང་ཞེད་སྣང་གིས་ཕྱི་ཟླ་གསུམ་པའི་ནང་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གཏང་རྒྱུར་བཀག་སྡོམ་བྱས་ཡོད་པའི་ཁར་རྒྱ་ནག་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་ཚོར་ཡང་དམ་དྲག་ཤུགས་ཆེ་ཡོད་པ་ནི་ཧོང་ཀོང་ནས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་རུས་མིང་ཁྲུའུ་ཟེར་བ་ཞིག་གིས་གཟའ་པ་སངས་ཉིན་བརྗོད་དོན་ལྟར་ན་ཁོང་བོད་ནང་བསྐྱོད་རྒྱུར་རྒྱ་ནག་གཞུང་གི་མཐོང་ཆན་ཆ་ཚང་ཡོད་ན་ཡང་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤར་ཕྱོགས་སུ་ཀི་ལོ་མི་ཊར་༣༠༠ཙམ་གྱི་སར་གནས་པའི་པ་དབྱི་ཟེར་བའི་གྲོང་ཚོའི་བརྒྱུད་དུ་སླེབས་དུས་ས་གནས་ཉེན་རྟོག་པས་དམ་བསྒྲགས་བཀག་ཉར་བྱས་ནས་དུས་ཡུན་ཚོུད་བཞི་ལྷག་ཙམ་རིང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་དགོས་དོན་སོགས་འདྲི་ཞིབ་བྱས་ནས་བདེ་འཇགས་གནད་དོན་གྱིས་རྐྱེན་པས་ཧོང་ཀོང་གི་ཡུལ་སྐོར་སྤྲོ་འཆམ་པ་དེ་གྲོང་ཚེ་དེའི་ནང་བསྐྱོད་རྒྱུར་བཀག་འགོག་བྱས་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎