ཧོང་ཀོང་ནང་ཕག་པའི་རིམས་ནད་འོག་མི་ཞིག་རྐྱེན་འདས་ཕྱིན།

ཧོང་ཀོང་ནང་རེས་གཟའ་ཉི་མའི་ཉིན་སླར་ཡང་ཕག་པའི་རིམས་ནད་འགོས་ཁྱབ་ཕྱིན་པའི་ནད་པ་གཅིག་རྐྱེན་ལམ་ཕྱིན་ཡོད་འདུག

2010.01.24

༄༅༎ཧོང་ཀོང་སྨན་ཁང་གི་དཔོན་རིགས་ནས་རེས་གཟའ་ཉི་མའི་ཉིན་སླར་ཡང་H1N1ཕག་པའི་རིམས་ནད་འགོས་ཁྱབ་ཕྱིན་པའི་ནད་པ་གཅིག་རྐྱེན་ལམ་ཕྱིན་ཡོད་པ་བཅས་ཁྱོན་ཧོང་ཀོང་ནང་ཕག་པའི་རིམས་ནད་ཀྱི་ནད་པ་༦༣རྐྱེན་ལམ་དུ་ཕྱིན་གྱི་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད།  

ལོ་ན་༢༠ཡིན་པའི་གཞོན་ནུ་ཞིག་ལ་ཚ་བ་འཕར་བ་དང་ཆམ་་པའི་རིམས་ནད་ཀྱི་ནད་རྟགས་ཐོན་པ་མ་ཟད། སྙིང་གི་ན་ཚ་ཛ་དྲག་པོ་ཡོད་པར་བརྟེན་ནས་ཟླ་བ་འདིའི་ཕྱི་ཚེས་༢༠ཉིན་ཧོང་ཀོང་གི་སྨན་ཁང་ཞིག་ནང་བསྐྱལ་བའི་རྗེས། གནས་སྟངས་ཛ་དྲག་ཏུ་ཕྱིན་ཏེ་ཉིན་དེ་རང་དུ་ཛ་དྲག་སྨན་བཅོས་ཚན་ཁག་དུ་བསྐྱལ་བ་དང། ཕག་པའི་རིམས་ནད་ལ་ཕན་པའི་ཀྲེ་མི་ཕུལུ་(Tamiflu)དང། གཉན་འཇོམས་ཀྱི་སྨན་སྤྲད་ཀྱང་དྲག་ངོ་མ་བྱུང་བའི་ཁར། ཕྱི་ཚེས་༢༡ཉིན་ནད་པའི་ཁྲག་སོགས་བརྟག་དཔྱད་བྱས་པ་བརྒྱུད་ཕག་པའི་རིམས་ནད་འགོས་ཁྱབ་བྱུང་ཡོད་པ་དངོས་སུ་ར་སྤྲོད་ཐུབ་ཡོད་པ་རེད། ད་དུང་ཡང་སྨན་བཅོས་དྲག་ངོ་ཙམ་མ་བྱུང་བར་མུ་མཐུད་ནད་གཞི་ཛ་དྲག་ཏུ་ཕྱིན་པའི་རྐྱེན་གྱིས་ཕྱི་ཚེས་༢༤སྔ་དྲོའི་ཚོུད་༥པའི་གཡས་གཡོན་ཙམ་ལ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎