ཧོང་ཀོང་ནང་བྱ་ནད་སླར་ཡང་ཐོན་པའི་ར་སྤྲོད་བྱུང་བ།
2010.11.18
༄༅༎ཧོང་ཀོང་ནང་འདས་པའི་ལོ་ངོ་བདུན་གྱི་རྗེས་སུ་བྱ་ནད་མི་ལ་འགོས་པའི་ནད་གཞི་ཐོག་མ་དེ་སླར་ཡང་ཐོན་པ་ར་སྤྲོད་བྱུང་ཡོད་འདུག ཧོང་ཀོང་ནང་ཡོད་པའི་རང་ལོ་༥༩སོན་པའི་བེུད་ཅིག་ལ་H5N1ཞེས་པའི་བྱ་ནད་འགོས་པ་ར་སྤྲོད་བྱུང་ཡོད་པ་དང་ ཕྱི་ཚེས་༡༨ཉིན་ཧོང་ཀོང་གི་འབྲེལ་ཡོད་ལས་ཁང་ཁག་གིས་གནད་དོན་དེའི་ཐོག་སྔོན་འགོག་བྱ་ཐབས་སྐོར་ལ་གྲོས་མོལ་བྱས་ནས་ནད་གཞི་དེ་ཕོག་པའི་བེུད་དེ་སྨན་ཁང་དུ་ཟུར་དུ་བཞག་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
ཧོང་ཀོང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ནས་ཧོང་ཀོང་ནང་བྱ་ནད་འགོས་པའི་ནད་པ་ར་སྤྲོད་བྱུང་བ་མི་གཅིག་ལས་མེད་ཀྱང་ཉེན་ཚབས་ད་དུང་ཡང་ཡོད་མུས་ཡིན་པ་དང་བྱ་ནད་དེ་རིགས་འགོས་མཁན་གྱི་ཤི་ཚད་བརྒྱ་ཆ་ལྔ་བཅུ་ཙམ་ཟིན་གྱི་ཡོད་པར་བརྟེན་ནད་རིམས་དེ་ཁྱབ་འགལ་མི་འགྲོ་རྒྱུའི་ལས་དོན་འཐུས་སྒོ་ཚང་བ་སྤེལ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སྐོར་གསུངས་འདུག