༧གོང་ས་མཆོག་ནས་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་དབུ་འབྱེད།


2015.12.19
༧གོང་ས་མཆོག་ནས་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་དབུ་འབྱེད། ༧གོང་ས་མཆོག་དང་མངའ་སྡེའི་སྲིད་སྐྱོང་རྣམ་གཉིས་དབུ་བཞུགས་ཀྱིས་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་རྟེན་འབྲེལ་གྱི་མཛད་སྒོ་འཚོགས་བཞིན་པ།
གསར་འགོད་པ་པདྨ་དངོས་གྲུབ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་ཀ་ན་ཊ་ཀ་མངའ་སྡེའི་སྲིད་སྐྱོང་དབུ་བཞུགས་ཀྱི་ཐོག་ཆོས་སྡེ་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་རྟེན་འབྲེལ་གྱི་མཛད་སྒོ་དེ་རིང་ཕྱི་ཚེས་༡༩ཉིན་ཚུགས་གནང་འདུག    
ཁ་ས་ཕྱི་ཚེས་༡༨ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག་ཆོས་སྡེ་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་གནང་མཛད་པའི་རྗེས། དེ་རིང་༧གོང་ས་མཆོག་དང་མངའ་སྡེའི་སྲིད་སྐྱོང་རྣམ་གཉིས་དབུ་བཞུགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སེར་སྐྱ་མི་མང་འཕོན་ཆེ་འདུ་འཛོམས་ཀྱིས་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་རྟེན་འབྲེལ་གྱི་མཛད་སྒོར་མཉམ་བཞུགས་གནང་ཡོད་པ་རེད།  མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སངས་རྒྱས་ཀྱི་ལུང་རྟོགས་བསྟན་པ་གཉིས་པོ་དེ་བཤད་གྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་ཡོད་འདུག   བཀྲིས་ལྷུན་པོའི་དགོན་པའི་མཁན་པོ་ནས་༧གོང་ས་མཆོག་གིས་གཙུག་ལག་ཁང་གསར་བཞེངས་དགོས་པའི་ལམ་སྟོན་བསྩལ་བ་མ་ཟད་དཔལ་འབྱོར་གྱི་མཐུན་འགྱུར་ཡང་གནང་བའི་སྐོར་གསུངས་འདུག།

གསར་འགོད་པ་འཆི་མེད་ལྷུན་གྲུབ།  

མཛད་སྒོ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་གཤམ་འདི་གའི་ས་གནས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎



གསར་འགོད་པ་པདྨ་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎