༸གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟཌ་འབུལ་རྒྱུ།

རྒྱལ་སྤྱིའི་རང་དབང་ཚོགས་པ་ཞིག་གིས་༸གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་ཞིག་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།

2010.02.09

༄༅༎ཨ་མི་རི་ཀའི་མངའ་སྡེ་ཨོ་ཧ་ཡོ་ཡི་གྲོང་ཁྱེར་སིན་སི་ན་ཀྲི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རང་དབང་ཚོགས་པ་ཞིག་གིས། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་རང་དབང་གི་དོན་དུ་སྐུ་ངལ་སྐྱོན་གནང་བའི་མཛད་རྗེས་ལ་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་ཞིག་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།

དེ་ཡང་ཕ་ཡུལ་གསར་འགྱུར་དྲ་རྒྱའི་ཐོག་ཕྱི་ཚེས་༨ཉིན་གནས་ཚུལ་སྤེལ་བའི་ནང།

གོང་གསལ་ཨ་མི་རི་ཀའི་རང་དབང་ཚོགས་པ་དེས་རིང་མིན་ཕྱི་ཟླ་༡༠པའི་ཚེས་༢༠ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་དབང་གི་གཟེངས་རྟགས་དེ་འབུལ་ལམ་ཞུ་རྒྱུའི་ཐུགས་གཏན་འཁེལ་བ་དང། སྐབས་དེར་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་བའི་མི་དམངས་ཀྱི་ཁྲོད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་མཛད་འཆར་ཡང་གོ་སྒྲིག་ཞུས་ཡོད་ཅིང། ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ཌོ་ནལ་ཌབ་ལུ་མཱར་ཕི་ཡིས་གསུང་པར། ཁོང་ཚོའི་རང་དབང་གི་གཟེངས་རྟགས་དེ་ནི། འཛམ་གླིང་ནང་དུ་རང་དབང་འཐབ་རྩོད་གནང་མཁན་གྱི་མཛད་རྗེས་ཅན་གྱི་མི་སྒེར་དང་ཚོགས་པ་ཁག་ལ་ཕུལ་སྲོལ་ཡོད་པ་བཞིན། ༸གོང་ས་༸སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་གིས་ད་བར་བོད་མིའི་རང་དབང་ཐོག་ལ་སྐུ་ངལ་འཛེམས་མེད་ཀྱི་ཕྱག་ལས་གནང་བ་དང། འཛམ་གླིང་མི་དམངས་ཡོངས་ལ་ཞི་བདེ་དང་རང་དབང་གོང་འཕེལ་གཏོང་ཐབས་ཀྱི་སྐུ་ཚེ་ཧྲིལ་པོ་སྐུ་ལས་སྐྱོན་གནང་བའི་མཛད་རྗེས་དེ་ལྟ་བུ་ནི། དེ་སྔ་དུས་རབ་༡༨ དང་༡༩ ནང་བྲན་གཡོག་ལམ་ལུགས་མེད་པ་བཟོ་ཐབས་གནང་མཁན་གྱི་མཛད་རྗེས་ཅན་གྱི་མི་སྣ་ཚོའི་ཕྱག་ལས་གནང་སྟངས་དང་གཅིག་མཚུངས་ཡིན་པའི་སྔགས་བརྗོད་ཞུས་ཏེ། ༸གོང་ས་ཏྰ་ལའི་བླ་མ་མཆོག་ལ་ད་རེས་རང་དབང་གི་གཟེངས་རྟགས་དེ་འབུལ་ལམ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎