༸གོང་ས་མཆོག་ཉིན་ཤས་ནང་སྨན་ཁང་ནས་ཕྱིར་ཕེབས་ཐུབ།

སྐུའི་མཁྲིས་རྡོ་བཏོན་གནང་པའི་རྗེས་ད་ཆ་སྐུ་ཁམས་དྭངས་སྐྱེས་སུ་ཕེབས་བཞིན་ཡོད་པ་དང་ཉིན་ཤས་ནང་ཚུད་སྨན་ཁང་ནས་ཕྱིར་ཕེབས་གནང་རྒྱུ།

2008.10.11

༄༅༎རེས་གཟའ་པ་སངས་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཁྲིས་རྡོ་བཏོན་གནང་པའི་རྗེས་ད་ཆ་སྐུ་ཁམས་དྭངས་སྐྱེས་སུ་ཕེབས་བཞིན་ཡོད་པ་དང་ཉིན་ཤས་ནང་ཚུད་སྨན་ཁང་ནས་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

དེ་ཡང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེའི་ཕྱག་རོགས་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་ཕེ་རན་སི་གསར་སྤེལ་ལས་ཁང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་མགྱོགས་མྱུར་དྭངས་སྐྱེས་སུ་ཕེབས་བཞིན་པར་མ་ཟད་སྔ་འཕྲོས་བདུན་ཕྲག་གཅིག་རིང་ལྡི་ལིར་བཞུགས་བཞག་མཛད་སྟེ་མུ་མཐུད་བརྟག་དཔྱད་ཞུ་གནང་མཛད་རྒྱུ་ཡིན་པ་དང་དེ་རྗེས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་གསུངས་འདུག

ད་དུང་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྔོན་ཚུད་ནས་གཏན་འབེབས་ཟིན་པའི་ཟླ་བ་འདིའི་ཟླ་མཇུག་གི་ཉི་ཧོང་དུ་གཟའ་འཁོར་གཅིག་རིང་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ལ་འགྱུར་བ་གང་ཡང་མེད་པ་འགྲེལ་བརྗོད་ཀྱང་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎