༸གོང་ས་མཆོག་ནས་སྒང་ཏོག་བོད་ཀྱི་དུས་སྟོན་ལ་གསུང་འཕྲིན།

༸གོང་ས་མཆོག་ནས་འབྲས་ལྗོངས་སུ་ཚོགས་བཞིན་པའི་ཐེངས་དང་པོའི་བོད་ཀྱི་དུས་སྟོན་ལ་གསུང་འཕྲིན་ཞིག་བསྩལ་གནང་མཛད་འདུག

2009.11.07

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་བྱང་ཤར་འབྲས་ལྗོངས་སུ་ཚོགས་བཞིན་པའི་ཐེངས་དང་པོའི་བོད་ཀྱི་དུས་སྟོན་ལ་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཡོད་པ་དེའི་ནང་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་བོད་ཀྱི་དུས་སྟོན་འདི་ལྟ་བུ་ཚུགས་པ་ནི་ཆེས་འོས་མཚམས་ཤིག་ཡིན་པ་བཀའ་གནང་འདུག

ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་ངོས་རང་འབྲས་ལྗོངས་ཁུལ་ཐེངས་ཁ་ཤས་བསྐྱོད་མྱོང་ཅིང་མ་ཧ་གུ་རུའི་གནས་བཀྲིས་ལྡིང་དང་པད་མ་ཡང་རྩེ་སོགས་སུ་གནས་མཇལ་དུ་བསྐྱོད་སྐབས་དད་གདུང་དྲག་པོའི་ཚོར་བ་དམིགས་བསལ་ཅན་ཞིག་ཀྱང་བྱུང་ལ་རྒྱུན་དུ་ངའི་སེམས་ནང་འབྲས་ལྗོངས་ལ་སེམས་ཐག་ཉེ་བའི་ཚོར་བ་ཞིག་ཡོད་ཅེས་བཀའ་བསྩལ་འདུག དེ་བཞིན་གསུང་འཕྲིན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་ཁུལ་གནས་སྡོད་བོད་མི་ཚོས་འབྲས་ལྗོངས་གཞུང་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཆེད་ཐེངས་འདིའི་བོད་ཀྱི་དུས་སྟོན་འདི་ཚུགས་པར་ངོས་ནས་འཚམས་འདྲི་ཡོད་ཅེས་བཀའ་གནང་ཡོད་པ་རེད།

བོད་ཀྱི་དུས་སྟོན་འདི་ནི་འབྲས་ལྗོངས་ཁུལ་གྱི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་གོ་བསྒྲིག་ཞུས་པ་ཞིག་ཡིན་ཞིང་དུས་སྟོན་གྱི་དབུ་འབྱེད་སྐབས་འབྲས་ལྗོངས་གཞུང་གི་འགྲིམ་འགྲུལ་དང་མང་ཚོགས་འཕྲོད་བསྟེན་ཞབས་ཞུ་ལྷན་ཁང་གི་བློན་ཆྺན་ཊི་ཊི་བུ་ཊི་ཡ་ལགས་ཆེད་ཕེབས་གནང་ཞིང་ཁོང་གིས་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་ཕྱུག་པོ་འདི་མི་ཉམས་རྒྱུན་འཛིན་བྱ་གལ་ཆེ་བ་ཡིན་པ་གསུངས་པ་དང་སྦྲགས་བོད་པ་དང་འབྲས་ལྗོངས་པའི་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཡིན་སྟབས་འབྲས་ལྗོངས་པའི་དགེ་འདུན་པ་ལོ་གཞོན་རྣམས་ནས་བོད་པའི་བླ་མ་བསྟེན་ཏེ་ནང་ཆོས་ལ་སྦྱང་བརྩོན་བྱ་དགོས་པའི་བསྐུལ་མ་ཡང་གནང་འདུག

འབྲས་ལྗོངས་བོད་ཀྱི་དུས་སྟོན་གོ་བསྒྲིག་ཚོགས་པའི་དྲུང་ཆེ་ཀརྨ་གཡུ་རྒྱལ་ལགས་ཀྱིས་བོད་ཀྱི་དུས་སྟོན་འདིའི་ཐོག་ནས་འདས་པའི་ལོ་ངོ་ལྔ་བཅུའི་རིང་བོད་མི་ཚོས་བོད་ཀྱི་རིག་གཞུང་ལྷད་མེད་ཅིག་རྒྱ་གར་གཞུང་དང་མི་དམངས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་ནང་རྒྱུན་འཛིན་བྱེད་བཞིན་ཡོད་པ་མཚོན་ཐུབ་རྒྱུ་དང་གོ་བསྒྲིག་ཚོགས་པའི་ངོས་ནས་དུས་སྟོན་འགྲེམ་སྟོན་འདིའི་ཐོག་ནས་བོད་ཀྱི་རིག་གཞུང་གི་དངོས་ཡོད་རང་བཞིན་ཞིག་ངོ་སྤྲོད་ཡོང་བའི་འབད་བརྩོན་ཞུས་ཡོད་པ་འགྲེལ་བརྗོད་གནང་འདུག

དུས་སྟོན་གོ་བསྒྲིག་གནང་མཁན་གྱི་ཚོགས་པ་ཁག་ནི་སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་ ས་གནས་རང་བདེན་ཚོགས་ཆུང་ ས་གནས་ཆོལ་གསུམ་སྐྱིད་སྡུག བོད་ཀྱི་དགུ་བཅུ་གསུམ་དང་སློབ་ཕྲུག་གི་བོད་རང་དབང་ཚོགས་པ་ བོད་ཀྱི་བེུད་ལྷན་ཚོགས་བཅས་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎