ཉི་ཧོང་དུ་ནང་ཆོས་དང་ཚན་རིག་སྐོར་བཀའ་བསྡུར།

༧གོང་ས་མཆོག་གིས་ཨེ་ཤི་ཡའི་མངའ་ཁུལ་དེ་བས་བདེ་ཐང་དང་བཞི་བདེ་བརྟན་ལྷིང་ལྡན་པ་ཞིག་སྐྲུན་ཐུབ་རྒྱུ་ཡིན་པ་བཀའ་སྩལ་གནང་བའི་སྐོར།

2011.11.04

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༣ཉིན་ཉི་ཧོང་གིས་ཕྱི་དངོས་པོའི་འཕེལ་རྒྱས་དང་ ནང་སེམས་ཀྱི་བདེ་སྐྱིད་ཟུང་འབྲེལ་ཐུབ་ན་ ཨི་ཤི་ཡའི་མངའ་ཁུལ་དེ་བས་བདེ་ཐང་དང་བཞི་བདེ་བརྟན་ལྷིང་ལྡན་པ་ཞིག་སྐྲུན་ཐུབ་རྒྱུ་ཡིན་པ་བཀའ་སྩལ་གནང་བའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག་
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༣ཉིན་ཉི་ཧོང་གི་ཕུ་ཇི་ཏ་ཀོ་ཀན་སློབ་གྲ་ཆེན་མོའི་སློབ་སྤྱིས་སྣེ་ཁྲིད་པའི་དཔོན་རིགས་རྣམས་དང་ལྷན་དུ་ནང་ཆོས་དང་ཚན་རིག་སྐོར་བཀའ་བསྡུར་གནང་ཡོད་པ་དང་ དེའི་ཐོག་༧གོང་ས་མཆོག་ནས་ མགོན་པོ་གང་ཉིད་ཕྱི་ལོ་༡༩༦༧ལོར་ཐོག་མར་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་ནས་བཟུང་ ཉི་ཧོང་དེ་བཞིན་ཕྱི་དངོས་པོའི་འཕེལ་རྒྱས་ཤུགས་ཆེ་ལྡན་པའི་ཁར་ རིག་གཞུང་ཕུན་གསུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་ཉི་ཧོང་གིས་ཕྱི་དངོས་པོའི་འཕེལ་རྒྱས་དང་ ནང་སེམས་ཀྱི་བདེ་སྐྱིད་གཉིས་ཟུང་འབྲེལ་བྱ་ཐབས་བྱ་དགོས་པ་དང་ ༧གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་ ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སྦྱོང་བརྡར་བྱ་རྒྱུར་འདོད་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཀའ་སྩལ་འདུག དེ་བཞིན་༧གོང་ས་མཆོག་ནས་མ་འོངས་ནང་ཆོས་སློབ་གཉེར་གནང་མཁན་དང་ ཉི་ཧོང་གི་ཀོ་ཡ་སན་སློབ་གྲ་ཆེན་མོའི་དབར་གོ་རྟོགས་སྤེལ་རེས་ཀྱི་ལས་རིམ་གོ་སྒྲིག་གནང་རྒྱུའི་དགོངས་འཆར་བཏོན་གནང་བ་དང་འབྲེལ་ བོད་མི་ཚོས་ནང་ཆོས་ཀྱི་ཤེས་ཡོན་དང་ ཉམས་མྱོང་ཉི་ཧོང་མི་མང་དང་མཉམ་སྤྱོད་བྱ་འདོད་ཆེན་པོ་ཡོད་པ་དང་ དེ་དང་ཕྱོགས་མཚུངས་ཁྱེད་ཚོང་ཀྱང་ང་ཚོ་དང་མཉམ་དུ་ཉམས་མྱོང་སྤེལ་རེས་བྱ་དགོས་ཀྱི་རེད་ཅེས་དང་  དེ་མིན་༧གོང་ས་མཆོག་ནས་ཉི་ཧོང་གི་གཞོན་སྐྱེས་ཚོར་དབྱིན་སྐད་སོགས་སྐད་ཡིག་གཞན་སྦྱོང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་དགོངས་འཆར་བཏོན་གནང་ཏེ་ ཉི་ཧོང་གི་གཞོན་སྐྱེས་ཚོས་དབྱིན་ཡིག་སློབ་སྦྱོང་བྱས་ནས་འཛམ་གླིང་ནང་གི་དབུལ་པོའི་ཡུལ་ཁག་ལ་ཕན་ཐོགས་པའི་ལས་དོན་སྤེལ་ཐུབ་བ་ཞིག་དགོས་པ་བཀའ་སྩལ་གནང་འདུག   ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་ཞག་བཞིའི་རིང་ཀོ་ཡ་སན་དུ་བཀའ་བསྡུར་དང་བཀའ་སློབ་སོགས་མཛད་འཆར་གྲུབ་ནས་ ཕྱི་ཚེས་༤ཉིན་གྱི་སྔ་དྲོ་ཉི་ཧོང་ནང་ས་ཡོམ་གྱི་གནོད་ཚབས་ཆེ་ཤོས་ཕོག་སའི་ས་གནས་གྲས་སེན་ཌའེ་སུ་ཞབས་སོར་འཁོད་གནང་མཛད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎