ཧི་མ་ལ་ཡའི་རྒྱུད་ལ་མེ་འཁོར་ལྕགས་ལམ་བཟོ་ཐུབ་རེ་བྱེད་བཞིན་པ།
2016.08.05
རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ། རྒྱ་གར་བཅས་འབྲེལ་མཐུད་བྱེད་མཁན་ཧི་མ་ལ་ཡའི་བརྒྱུད་ལ་མེ་འཁོར་ལྕགས་ལམ་གསར་བཟོ་ཐུབ་རུང་བ་ཡིན་ལུགས་བརྗོད་འདུག
དེ་ཡང་དེང་སྐབས་རྒྱ་ནག་གཞུང་གིས་རྒྱ་ནག་དང་ལྷོ་ཨེ་ཤེ་ཡ་སྦྲེལ་མཐུད་ཀྱི་སྒོ་ནས་བོད་དེ་བཞིན་དཔལ་འབྱོར་དང་། རིག་གཞུང་གི་ལྟེ་གནས་ཤིག་བཟོ་རྒྱུའི་རེ་སེམས་བཅངས་བཞིན་པའི་སྐབས་འདིར། རྒྱ་གཞུང་གི་དཔོན་རིགས་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བོད་དང་བལ་ཡུལ། རྒྱ་གར་བཅས་འབྲེལ་མཐུད་བྱེད་མཁན་མེ་འཁོར་ལྕགས་གསར་བཟོ་ཐུབ་རྒྱུ་ཡིན་ལུགས་བཤད་ཡོད་ཅིང་། པེ་ཅིང་གཙུག་ལག་སློབ་གྲ་ཆེན་མོའི་ནང་གི་ཚན་རིག་དང་བཟོ་རྩལ་རིག་གནས་ཀྱི་གཙོ་འཛིན་གཞོན་པ་ཙུང་ཀང་གིས། ཧི་མ་ལ་ཡའི་རི་རྒྱུད་ཁུལ་ལ་མེ་འཁོར་ལྕགས་ལམ་གསར་བཟོ་དེ་ནི་དཔལ་འབྱོར་དང་བཟོ་རྩལ་རིག་གནས་གཉིས་ཀའི་ཐོག་ནས་ཐུབ་པ་ཞིག་ཡིན་ལུགས་བརྗོད་འདུག
ཧི་མ་ལ་ཡའི་བརྒྱུད་ཀྱི་མེ་འཁོར་ལྕགས་ལམ་གསར་པ་དེ་ནི་གཞིས་ཀ་རྩེ་ནས་སྐྱིད་གྲོང་བར་དང་། དེ་ནས་བལ་ཡུལ་བར་རྒྱ་བསྐྱེད་གཏོང་འཆར་ཡོད་ལུགས་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གིས་ཕྱི་ལོ་༢༠༠༦་ལོར་བོད་མཐོ་སྒང་དང་རྒྱ་ནག་གཉིས་འབྲེལ་མཐུད་བྱེད་མཁན་མེ་འཁོར་ལྕགས་ལམ་རྒྱང་ཐག་སྤྱི་ལེ་༡༡༠༠་ལྷག་ཙམ་ཞིག་གསར་བཟོ་བྱས་པ་དང་། དེ་གཞིས་ཀ་རྩེ་བར་རྒྱ་བསྐྱེད་བཏང་སྟེ་བོད་ཀྱི་རྒྱལ་ས་ལྷ་ས་དང་འབྲེལ་མཐུད་བྱེད་ཐུབ་མཁན་བཟོ་འཆར་ཡོད་པ་དང་། ད་ཆ་རྒྱ་ནག་གིས་བོད་ཀྱི་ས་མཚམས་དང་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་འབྲས་ལྗོངས་དང་ས་འབྲེལ་ཡོད་པ་གྲོ་མོ་དང་བལ་ཡུལ་གཉིས་མེ་འཁོར་འབྲེལ་མཐུད་བྱ་རྒྱུ་མ་ཟད། མ་འོངས་པར་རྒྱ་གར་བར་མེ་འཁོར་ལྕགས་ལམ་གསར་བཟོའི་སྒོ་ནས་འབྲེལ་བ་མཐུད་ཐུབ་པ་བཟོ་རྒྱུ་ཡིན་འདུག
གཞིས་ཀ་རྩེ་ནས་བལ་ཡུལ་གྱི་ས་མཚམས་བར་མེ་འཁོར་ལྕགས་ལམ་གསར་བཟོ་དེའི་སྐོར་ད་ལོ་རྒྱ་ནག་དགའ་ཞེན་ཆེ་བའི་བལ་ཡུལ་གྱི་སྲིད་བློན་ཟུར་པ་KP Sharma Oli་རྒྱ་ནག་ནང་གཟིགས་སྐོར་ལ་ཕེབས་སྐབས་གྲོས་མཐུན་བྱུང་བ་ཞིག་ཡིན་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།