ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་ཀྱིས་བོད་མི་དང་གླེང་མོལ།

ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱིས་བོད་ནས་བྲོས་བྱོལ་དུ་འབྱོར་བའི་བོད་མི་ཁག་ཅིག་དང་མཉམ་དུ་བཀའ་མོལ།

2011.02.14

༄༅༎ཁ་ས་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་མ་རི་ཡ་ཨོ་ཊེ་རོ་དང་བལ་ཡུལ་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་སི་ཀོཏ་ཌེ་ལི་སི་རྣམ་གཉིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་སྣེ་ལེན་ཁང་དུ་གཟིགས་སྐོར་གནང་བ་དང་ཆབས་ཅིག་ཉེ་དུས་བོད་ནས་བྲོས་བྱོལ་དུ་འབྱོར་བའི་བོད་མི་ཁག་ཅིག་དང་མཉམ་དུ་བཀའ་མོལ་གནང་བཞག།

བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨོ་ཊེ་རོ་ད་རེས་བལ་ཡུལ་སྣེ་ལེན་ཁང་དུ་ཕེབས་ཡག་དེ་རྒྱ་གར་དང་འབྲུག་། བལ་ཡུལ་བཅས་ཀྱི་ནང་ཨ་རིའི་ཆེས་མཐོའི་གཞུང་འབྲེལ་གཟིགས་སྐོར་གྱི་ཆ་ཤས་ཤིག་ཡིན་པ་དང༌། ཡང་ཁོང་ད་རེས་བལ་ཡུལ་ནང་ཕེབས་ཡག་གི་དུས་ཚོད་དེ་བཞིན་དུས་ཡུན་རིང་པོ་ནས་གནས་སྡོད་བྱེད་མཁན་བོད་མི་དང་གསར་དུ་འབྱོར་བཞིན་པའི་བོད་མི་སྐྱབས་བཅོལ་བ་ཚོར་བལ་ཡུལ་ནང་རྒྱ་མིའི་ཤུགས་རྐྱེན་ཇི་ཆེར་འགྲོ་བཞིན་པའི་ཚོར་སྣང་ཆེན་པོ་ཡོང་བཞིན་པའི་སྐབས་ཞིག་ཀྱང་འཁེལ་ཡོད།

ལྕམ་མ་རི་ཡ་ཨོ་ཊེ་རོས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་བདེ་འཇགས་དང་བདེ་དོན་ཆེད་ཨ་རི་གཞུང་གིས་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་སྐོར་གསུངས་ཏེ། བཙན་བྱོལ་དུ་འབྱོར་བའི་བོད་མི་ཚོའི་བརྡ་ལན་ཨ་རི་གཞུང་ལ་འབུལ་རྒྱུའི་ཁས་ལེན་གནང་ཡོད་སྐོར་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཨ་རི་གཞུང་དང་འབྲེལ་བ་གནང་མཁན་ཀྲོདྲ་སི་ཀྲའེན་ཡིས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུ་ནས་གནས་ཚུལ་སྤེལ་གནང་འདུག བལ་ཡུལ་ནང་གི་ལྕམ་ཨོ་ཊ་རོའི་གཟིགས་སྐོར་བརྒྱུད་ལོ་མང་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་དང་གསར་དུ་བྲོས་བྱོལ་ལ་འབྱོར་བཞིན་པའི་བོད་མི་ཚོའི་གནས་སྟངས་ཐད་ཨ་རི་གཞུང་གིས་བློ་འཚབ་གནང་གི་ཡོད་པ་གསལ་བཏོན་བྱུང་ཡོད་པ་མ་ཟད། བོད་པའི་གནད་དོན་དེ་བཞིན་ཨ་མི་རི་ཀས་བལ་ཡུལ་མཉམ་འབྲེལ་ལམ་གནང་བའི་གནད་དོན་གཙོ་བོ་ཞིག་ཆག་གི་ཡོད་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཀྲོདྲ་སི་ཀྲའེན་ཡིས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎