སེམས་ཀྱི་བདེ་སྐྱིད་ནི་བྱམས་བརྩེ་ནས་ཡོང་དགོས་པ།


2018.09.04
ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བར་གསུང་ཆོས་དབུ་འཛུགས། སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་ནས་མིའི་སྤྱི་ཚོགས་སུ་བྱམས་བརྩེ་དང་ཆོས་ལུགས་མཐུན་སྒྲིལ་དགོས་གལ་སྐོར་བཀའ་སྩལ་བ།
དགའ་ལྡན་ཕོ་བྲང་།

བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤའི་ཡུལ་ལུང་ཁག་ཅིག་སྟེ།་ཨིན་ཌོ་ནེ་ཤེ་ཡ་དང་། མ་ལཱེ་ཤི་ཡ་། ཐཡེ་ལེནཌ། སིངྒ་པུར་སོགས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གཅིག་དང་། དེ་བཞིན་ལྷོ་ཀོ་རི་ཡ་དང་ཝིཡེཏ་ནམ་སོགས་ཀྱིས་དད་ལྡན་པ་རྣམས་ལས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༩ ཚེས་ ༤ ནས་དབུ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་རྒྱ་གར་གྱི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབས་ཀྱི་འགྲེལ་བ། བུདྡྷ་པཱ་ལི་ཏའི་གསུང་ཆོས་སྔ་ལོའི་འཕྲོ་ཚར་ནས་སྐྱོང་གནང་མཛད་རྒྱུ་ཡིན་ཞིང་། ཐེངས་འདིའི་གསུང་ཆོས་སུ་འཛམ་གླིང་རྒྱལ་ཁབ་ཁག་༧༠ནས་ཕེབས་པ་ཆོས་ཞུ་བ་སེར་སྐྱ་ཕོ་མོ་ལྔ་སྟོང་ཙམ་ཆེད་བཅར་ཞུས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་ཆོས་བཤད་སྐབས།  སེམས་ཀྱི་བདེ་སྐྱིད་ནི་ཕྱི་དངོས་པོ་ལས་འབྱུང་བ་མ་ཡིན་པར་ནང་སེམས་བརྒྱུད་དུལ་བའི་ཐོག་ནས་ཡོང་དགོས་པ་བཀའ་གནང་པ་དང་། ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་པ་དང་བརྩེ་བའི་ཉམས་ལེན་ནི་སེམས་ཀྱི་བདེ་སྐྱིད་འབྱུང་རྩ་ངོ་མ་ཡིན་པ་བཀའ་གནང་པ་དང་།  ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཚན་རིག་པས་ཀྱང་མིའི་གཞི་རྩའི་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པ་བརྗོད་བཞིན་པ་དེས་ང་ཚོ་མི་ཚང་མར་བྱམས་བརྩེའི་ནུས་པ་སྐྱེ་སྲིང་གི་ནུས་པ་ཡོད་པ་བསྟན་ཡོད་པ་དེ་ནི་བློ་སྤོབས་འཕེལ་བ་ཞིག་རེད་ཅེས་བཀའ་གནང་འདུག།  
ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འཛམ་གླིང་འདིའི་ནང་གི་ཆོས་ལུགས་ཚང་མར་མི་བཟང་པོ་ཞིག་བྱ་དགོས་པའི་བསླབ་བྱ་གཅིག་མཚུངས་ཡོད་པ་ལྟར་ཕན་ཐོག་ཡང་ཡོང་གི་ཡོད་པ་བཀའ་གནང་ཞིང་།  འོན་ཀྱང་ཐབས་སྐྱོ་བའི་གནས་ལུགས་ཤིག་ནི་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་གསོད་རེས་གཏོང་བཞིན་པ་དེ་ཡིན་སྟབས།  ཆོས་པ་ཚོས་རང་གི་ཆོས་ལུགས་མ་ཡིན་པའི་ཆོས་ལུགས་གཞན་ལ་གུས་བརྩི་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་གྲངས་བཞིའི་རིང་གི་གསུང་ཆོས་ཁག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་སྐད་རིགས་མི་འདྲ་བ་མང་པོའི་ནང་ཐད་གཏོང་ཞུ་བཞིན་ཡོད་པ་རེད།
གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎