རྒྱལ་ཁབ་ཉི་ཤུའི་དཔོན་རིགས་ལྷན་ཚོགས་ཀྱི་གྲུབ་འབྲས།

རྒྱལ་ཁབ་ཉི་ཤུའི་དཔོན་རིགས་ལྷན་ཚོགས་དེ་བཞིན་དུས་ཡུན་ཉིན་གྲངས་གཉིས་རིང་ཕན་རན་སིའི་ནང་ཚོགས་ཡོད་པ་རེད།

2011.11.05

༄༅༎རྒྱལ་ཁབ་ཉི་ཤུའི་དཔོན་རིགས་ལྷན་ཚོགས་དེ་བཞིན་དུས་ཡུན་ཉིན་གྲངས་གཉིས་རིང་ཕན་རན་སིའི་ནང་ཚོགས་ནས། གཙོ་བོ་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་ལས་ཤོར་མི་སྣ་ཇེ་མང་དུ་འགྲོ་བཞིན་པའི་དཀའ་ངལ་སེལ་རྒྱུར་གདོང་ལེན་གནང་རྒྱུའི་གྲོས་འཆམ་བྱུང་བའི་སྐོར་ལྷན་ཚོགས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་འཁོད་ཡོད་པ་རེད།  
དུས་ཡུན་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་དེའི་ཐོག་གིརི་སི་ཡུལ་གྱི་དངུལ་རྩའི་ཐོག་རོགས་རམ་ལས་དོན་གྱི་དོན་ཚན་ཁག་ལ་གིརི་སི་ཡུལ་གྱི་དཔོན་རིགས་ནས་ཁས་ལེན་འཕྲལ་དུ་མ་བྱས་པར། ལྷན་ཚོགས་ཀྱི་དུས་ཚོད་མང་པོ་ཞིག་འགོར་ཡོད་པར་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་གིས་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག ཡོ་རོབ་ཀྱི་དཔལ་འབྱོར་གནས་སྟངས་དཀའ་ངལ་ཐོག་གཙོ་བོ་གྲོས་མོལ་མ་བྱས་པར་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ཐོག་དོ་སྣང་བྱ་རྒྱུའི་འདོད་ཚུལ་བཏོན་ཡོད་ཅིང་། ལྷོ་ཨཕ་རི་ཀའི་སྲིད་འཛིན་ཇེ་ཁོབ་ཛུ་མ་ཡི་མགྲིན་ཚབ་པས། རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་ཡོ་རོབ་ཀྱི་དཔལ་འབྱོར་དཀའ་ངལ་སྐོར་གཅིག་པུར་གྲོས་བསྡུར་བྱ་རྒྱུ་མིན་པར། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ནང་མ་འོངས་དཔལ་འབྱོར་འཕེལ་རྒྱས་ཆེད་མཉམ་ལས་བྱེད་ཕྱོགས་སོགས་ཀྱི་ཐོག་འཆར་གཞི་གཏོན་རྒྱུ་དེ་ཡང་གལ་འགངས་ཆེན་པོ་ཞིག་ཡིན་པའི་སྐོར་བརྗོད་འདུག  
ད་རེས་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་གཙོ་སྐྱོང་གནང་མཁན་ཕ་རན་སིའི་སྲིད་འཛིན་ནས།  ཡོ་རོབ་ཀྱི་དཔལ་འབྱོར་གཙོ་གནད་ཕ་རན་སི་དང་འཇར་མ་ནི་ཡུལ་གཉིས་ཀྱིས་ཡོ་རོབ་ཡུལ་གྲུའི་དབར་མཐུན་སྒྲིལ་དང་ཡོ་རོབ་ཀྱི་མ་དངུལ་སྲུང་སྐྱོབ་ཀྱི་ཆེད་འབད་བརྩོན་བྱ་རྒྱུ་དང་།  གལ་སྲིད་གིརི་སི་ཡུལ་གྱི་དཔོན་རིགས་ནས་ཡུལ་དེའི་དཔལ་འབྱོར་སླར་གསོའི་རོགས་རམ་ལས་དོན་ལ་མོས་མཐུན་མ་བྱས་ཚེ། ཡོ་རོབ་ཀྱི་དངུལ་བེད་སྤྱོད་བྱེད་མཁན་ཡུལ་གྲུའི་ཁྱབ་ཁོངས་ནས་ཕྱིར་འབུད་རྒྱུ་ཡིན་པའི་སྐོར་གསུངས་འདུག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎