ཨ་སམ་གྱེན་ལོག་འགོ་ཁྲིད་ནས་གཞུང་དང་ཞི་མོལ་བྱ་འཆར།

རྒྱ་གར་གྱི་བྱང་ཤར་ཨ་སམ་མངའ་སྡེའི་གྱེན་ལོག་འགོ་ཁྲིད་ནས་རྒྱ་གར་གཞུང་དང་ཞི་མོལ་བྱ་རྒྱུའི་འདུན་པ་ཡོད་ལུགས་གསལ་བསྒྲགས་བྱས་འདུག

2011.01.01

༄༅༎རྒྱ་གར་གྱི་བྱང་ཤར་ཨ་སམ་མངའ་སྡེའི་གྱེན་ལོག་འགོ་ཁྲིད་ཨ་རེ་སྦིན་རྡ་རཇ་ཁོ་ལྦ་རེས་གཟའ་སྤེན་པའི་ཉིན་བཙོན་འགྲོལ་ཁག་ཐེག་འོག་བཙོན་ཁང་ནས་གློད་བཀྲོལ་བྱུང་རྗེས་རྒྱ་གར་གཞུང་དང་ཞི་མོལ་བྱ་རྒྱུའི་འདུན་པ་ཡོད་ལུགས་གསལ་བསྒྲགས་བྱས་འདུག   

ཕྱི་ལོ་༢༠༠༩་ལོར་ཨ་རེ་སྦིན་རྡ་རཇ་ཁོ་ལྦ་ལ་གཞུང་སྲིད་འགོ་རྟིང་སློག་རྒྱུའི་ལས་འགུལ་བརྩམས་པའི་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་བྱས་པ་ཡིན་པ་རེད། འོན་ཀྱང་ད་ཆ་ཨ་སམ་མངའ་སྡེའི་གཞུང་ལ་གཏའ་མ་རྒྱ་གར་སྒོར་མོ་ས་ཡ་དྲུག་ཙམ་བཞག་པ་མ་ཟད། ཁོ་པའི་རྗེས་འབྲངས་ཁག་ཅིག་ཡིབ་སྡོད་བྱེད་བཞིན་པ་དེ་དག་ལ་གཞུང་དང་ཞི་མོལ་བྱེད་དགོས་པའི་སྐུལ་མ་བྱ་རྒྱུའི་ཐུགས་རེ་གནང་སྟེ་གཞུང་གིས་བཙོན་འགྲོལ་བཏང་བ་ཡིན་པ་རེད། གྱེན་ལོག་འགོ་ཁྲིད་ཨ་རེ་སྦིན་རྡ་རཇ་ཁོ་ལྦ་ཡིས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བྱས་པ་དང་ཆབས་ཅིག་གྱེན་ལོག་ཤོག་ཁག་དེའི་དྲུང་ཆེ་བཙོན་ཁང་ནང་ཡོད་པས་གཙོས་གྱེན་ལོག་པ་ད་དུང་བཙོན་ཁང་ནང་ལྷག་ལུས་ཡོད་པ་དེ་དག་གློད་འགྲོལ་ཡོང་བའི་འབོད་སྐུལ་བྱས་འདུག

ཕྱི་ལོ་༡༩༧༩་ལོར་ULFAཞེས་ཨ་སམ་བཅིང་འགྲོལ་གཅིག་སྒྲིལ་ཚོགས་པས་ཁ་བྲལ་ལས་འགུལ་སྤེལ་བ་ནས་བཟུང་ད་བར་མི་གྲངས་ཆིག་ཁྲི་བརྒལ་བའི་ཚེ་སྲོག་ཤོར་ཡོད་པ་རེད། ཕྱོགས་མཚུངས་ཨ་སམ་མངའ་སྡེའི་རང་བྱུང་གཏེར་ཁའི་འབྱུང་ཁུངས་ཁག་ལ་གྱེན་ལོག་ཤོག་ཁག་གིས་གཏོར་རྒོལ་ཚབས་ཆེ་བཏང་སྟེ་གཞུང་མང་ལ་གྱོང་གུན་ཆེན་པོ་བཏང་ཡོད་པ་རེད། འོན་ཀྱང་འདས་པའི་དུས་ཡུན་ནང་གྱེན་ལོག་ཤོག་ཁག་དེའི་འགོ་ཁྲིད་གཅིག་མཇུག་གཉིས་མཐུད་འཛིན་བཟུང་བཙོན་འཇུག་བྱེད་ཐུབ་པ་མ་ཟད། འཛིན་བཟུང་དོ་དམ་འོག་ཚུད་རྗེས་གྱེན་ལོག་པ་དེ་དག་གིས་སྔོན་ཆད་འགྱོད་སེམས་དང་ཕྱིན་ཆད་སྤང་བླངས་ཞུ་རྒྱུའི་དམ་བཅའི་འོག་བཙོན་འགྲོལ་ཐོབ་སྟེ་ད་ཆ་ཨ་སམ་མངའ་སྡེའི་ནང་ཞི་བདེ་ལྷིང་འཇགས་སླར་གསོ་འབྱུང་བཞིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎