སྐབས་༡༧་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྩེད་འགྲན།

སྐབས་༡༧པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་རྩེད་པོ་ལོའི་འགྲན་བསྡུར་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་གནང་བཞིན་ཡོད་པ།

2011.10.03

༄༅༎སྐབས་༡༧པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་རྩེད་པོ་ལོའི་འགྲན་བསྡུར་དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གནང་བཞིན་ཡོད་པ་ལྟར། འགྲན་བསྡུར་མཐའ་མའི་གོང་གི་རིམ་པ་གོང་མ་དེའི་ནང་འདོད་རྒུ་གླིང་རྐང་པོལ་རུ་ཁག་དང༌། ཀེ་ལེ་མེན་ཊོནདོན་གྲུབ་གླིང་རྐང་པོལ་རུ་ཁག་གཉིས་ལ་རྒྱལ་ཁ་ཐོབ་ནས་། མཐའ་མའི་འགྲན་བསྡུར་ནང་གོང་ཞུས་རུ་ཁག་དེ་གཉིས་སླེབས་འདུག།
རེས་གཟའ་པ་སངས་ཉིན་འགྲན་བསྡུར་མཐའ་མའི་གོང་གི་རིམ་པ་གོང་མ་གཅིག་དེ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་རྐང་པོལ་རུ་ཁག་དང་ཧུན་སུར་རབ་རྒྱས་གླིང་རྐང་པོལ་རུ་ཁག་གཉིས་དབར་འགྲན་བསྡུར་གནང་སྐབས་ གཟིགས་མོ་གཟིགས་མཁན་ཚོས་མོན་གྷོ་ས་གནས་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་ལ་རྒྱབ་སྐྱོར་གྱི་རྐད་སྒྲ་ཤུགས་ཆེ་སྐྱོན་པའི་མཐར་མོན་གྷོ་འདོད་རྒུ་གླིང་རྐང་རྩེད་པོ་ལོའི་རུ་ཁག་གིས་སྒོ་ལ་སྤོ་ལོ་གཅིག་མང་བ་བཏང་ནས་རྒྱལ་ཁ་ཐོབ་འདུག། མོན་གྷོ་འདོད་རྒུ་གླིང་རྐང་པོལ་རུ་ཁག་གི་རྩེད་འགྲན་པ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་མཐའ་མའི་གོང་གི་འགྲན་རྩེད་ནང་གོལ་གཉིས་བཏང་ཡོད་པ་དང༌། ད་རེས་ཀྱི་འགྲན་བསྡུར་ཡོངས་ནས་ཁྱོན་ གོལ་དྲུག་བཏང་ནས་ མི་སྒེར་གྱི་གསེར་གྱི་ལྷམ་ཞེས་པའི་གཟེངས་རྟཌ་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད།་  འགྲན་བསྡུར་མཐའ་མའི་གོང་གི་རིམ་པ་གོང་མ་གཞན་དེ་ ཝ་ར་ཎ་སིའི་རྐང་པོལ་རུ་ཁག་དང་ ཀེ་ལེ་མེན་ཊོན་དོན་གྲུབ་གླིང་རུ་ཁག་དབར་གྱི་འགྲན་བསྡུར་དེ་ད་བར་འཁྲུག་ཆ་དོད་ཤོས་དེ་བྱུང་ཡོད་པ་དང༌། འགྲན་བསྡུར་གྱི་དུས་ཚོད་ཡོལ་ནས་ད་དུང་དུས་ཚོད་འཕར་མ་རྩེད་དགོས་བྱུང་བཞག། བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་ ཝ་ར་ཎ་སི་དང་ཀེ་ལེན་མེན་ཊོན་གཉིས་དབར་རྩེད་འགྲན་གྱི་དུས་ཚོད་འཕར་མའི་སྐབས་ཆར་པ་འབབ་ནས་རྩེད་ཐང་ཕྲན་བུའི་འདམ་ཉོག་ཅན་ཆགས་ཡོད་ནའང༌། རྩེད་འགྲན་པ་དང༌། གཟིགས་མོ་བ་ཚོས་དངངས་སྐྲགས་དང་དོ་སྣང་ཆེན་པོའི་ངང་ནས་འགྲན་བསྡུར་དེར་གཟིགས་མོ་གཟིགས་ཡོད་སྐོར་གསུངས་བཞག།
དེ་མིན་གྱི་རྩེད་འགྲན་མཐའ་མའི་གོང་གི་རིམ་པ་གོང་མ་གཞན་གཉིས་པོ་དེ། བལ་ཡུལ་འཕགས་ཤིང་རུ་ཁག་དང་ཅེ་ནཡི་རྐང་པོལ་རུ་ཁག་དབར་རྩེད་ནས་ ཅེ་ནའི་ལ་རྒྱལ་ཁ་ཐོབ་ཡོད་པ་དང༌། དེ་ནས་བེ་ལ་ཀུ་པི་དང་གོ་ལ་ཐ་ལའི་རྐང་པོལ་རུ་ཁག་དབར་འགྲན་བསྡུར་ཐུག་ནས་ གོ་ལ་ཐ་ལའི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
རྩེད་འགྲན་མཐའ་མའི་གོང་གི་རིམ་པ་དེ་རྩེད་མཁན་ད་ཆ་རུ་ཁག་བཞི་ལས་ལྷག་མེད་སྟབས། ཀེ་ལེ་མེན་ཊོན་དང་མོན་གྷོ་འདོད་རྒུ་གླིང་གི་རྐང་པོན་རུ་ཁག་གཉིས་དབར་འགྲན་བསྡུར་ཁག་ཅིག་དང༌། ཅེ་ནཡི་དང་བེ་ལ་ཀུ་པི་ གོ་ལ་ཐ་ལ་གཉིས་དབར་འགྲན་བསྡུར་གནང་ནས་ མཐའ་མའི་འགྲན་བསྡུར་གནང་མཁན་རུ་ཁག་གཉིས་ཐོན་དགོས་ཀྱི་ཡོག་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎