བལ་ཡུལ་ལ་རོགས་རམ་བྱེད་རྒྱུར་གདེང་སྤོབས་ཆུང་རུ་འགྲོ་བ།

བལ་ཡུལ་ནང་རོགས་རམ་གྱི་ལས་གཞི་མུ་འཐུད་སྤེལ་རྒྱུའི་གདེང་སྤོབས་ཉམས་ཆགས་སུ་འགྲོ་གི་ཡོད་སྐོར་གསལ་བསྒྲགས་ཤིག་སྤེལ་འདུག

2010.12.21

༄༅༎ཨ་མི་རི་ཀའི་རྒྱལ་སྤྱིའི་རོགས་སྐྱོར་ལྷན་ཁང་དང་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་གཞན་ཡང་བལ་ཡུལ་ལ་རོགས་རམ་བྱེད་མཁན་གྱི་ཡུལ་གྲུ་ཚོས་བལ་ཡུལ་གྱི་ཆབ་སྲིད་ཀྱི་གནས་བབས་བརྟན་ལྷིངས་མེད་པ་དང་ཞི་བདེའི་འཕེལ་རིམ་གྱི་ལས་དོན་མདུན་བསྐྱོད་མ་ཐུབ་པ་སོགས་ཀྱི་རྐྱེན་པས་བལ་ཡུལ་ནང་རོགས་རམ་གྱི་ལས་གཞི་མུ་འཐུད་སྤེལ་རྒྱུའི་གདེང་སྤོབས་ཉམས་ཆགས་སུ་འགྲོ་གི་ཡོད་སྐོར་རོགས་རམ་བྱེད་མཁན་གྱི་ཡུལ་གྲུ་ཚོས་ཐོུང་གི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་འཁོད་འདུག

འདི་ལོ་ཕྱི་ཟླ་དྲུག་པའི་ནང་མའོའི་དམར་ཤོག་ཚོགས་པས་སྐབས་དེ་དུས་ཀྱི་བལ་ཡུལ་གྱི་སྲིད་བློན་ལས་གནས་ནས་དགོངས་ཞུ་དགོས་ལུགས་ཤུགས་ཆེ་བརྗོད་དེ་བལ་ཡུལ་གྱི་སྲིད་བློན་དགོངས་ཞུ་གནང་པ་ནས་བཟུང་ད་བར་བལ་ཡུལ་ནང་གཞུང་མེད་པར་གནས་ཡོད་པར་མ་ཟད་ཕྱི་ཟླ་དྲུག་པ་ནས་ད་བར་གཞུང་གསར་འཛུགས་བྱ་རྒྱུར་སྔ་རྗེས་གྲོས་ཚོགས་ནས་འོས་བསྡུ་ཐེངས་མ་བཅུ་དྲུག་ཙམ་བྱས་ཡོད་ཀྱང་ལམ་ལྷོངས་རྩ་བ་ནས་བྱུང་མེད་པ་རེད།

རོགས་རམ་བྱེད་མཁན་གྱི་ཡུལ་གྲུ་ཚོས་གཉན་འཕྲང་གི་དུས་ཚོད་འདིའི་སྐབས་བལ་ཡུལ་ལ་མུ་འཐུད་རོགས་རམ་བྱེད་རྒྱུ་ཡིན་ན་ཡང་རྒྱལ་ཁབ་ཀྱི་འགོ་འཁྲིད་དང་ལས་དོན་འགན་འཁུར་བླངས་མཁན་གྱི་མི་སྣ་ཆེད་འཛུགས་མེད་པ་སོགས་ནི་ང་ཚོས་བལ་ཡུལ་ཐོག་བཟུང་བའི་གདེང་སྤོབས་ཉམས་ཆགས་སུ་འགྲོ་གཞི་ཞིག་ཆགས་ཀྱི་ཡོད་པ་བརྗོད་ཡོད་པ་རེད།

བལ་ཡུལ་ནི་འཛམ་གླིང་ནང་གི་ཡུལ་གྲུ་སྐྱོ་ཤོས་གྲས་ཤིག་ཡིན་སྟབས་ཕྱི་ཕྱོགས་ཀྱི་སྐྱོབ་གསོར་ཤུགས་ཆེ་བརྟེན་དགོས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎