འཇིཌ་བྲལ་གློག་བརྙན་བཟོ་སྒྲིག་པའི་ལས་རོཌ་འཛིན་བཟུང་།

འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྒྲིག་གནང་མཁན་གྱི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་བསྐྱར་དུ་འཛིན་བཟུང་བྱས་འདུག

2009.03.18

༄༅༎རྒྱ་ནག་གི་བོད་ཐོག་དབང་སྒྱུར་ལ་སྐྱོན་བརྗོད་ཀྱི་གློག་བརྙན་འཇིགས་བྲལ་ཞེས་པ་དེ་བཟོ་སྒྲིག་གནང་མཁན་དོན་གྲུབ་དབང་ཆེན་ལགས་ཀྱི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་རྒྱ་ནག་དབང་འཛིན་པ་ཚོས་བསྐྱར་དུ་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསུང་དོན་ལ་འཇིགས་མེད་རྒྱ་མཚོ་འམ་མགོ་ལོག་འཇིགས་མེད་ལགས་ཞུ་བ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་གཟང་ཆུ་རྫོང་ནང་ཁོང་གི་བཞུགས་གནས་ནས་རྒྱ་མིས་འཛིན་བཟུང་བྱས་ཡོད་པ་རེད། མདོ་སྨད་བླ་བྲང་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གསུམ་ཉིན་རྒྱ་མིས་འཛིན་བཟུང་བྱས་ནས་ཕྱི་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་གློད་བཀྲོལ་བཏང་ཡོད་པ་རེད། སྔ་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་ནག་ནང་འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་གོང་འགྲེམས་སྤེལ་བྱས་པའི་འཇིགས་བྲལ་གློག་བརྙན་གྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་བྱ་སྤྱོད་ངན་པར་ཐེར་འདོན་བྱས་ཡོད་པ་དང་མགོ་ལོག་འཇིགས་མེད་ལགས་ཀྱིས་གློག་བརྙན་དེ་བཟོ་སྒྲིག་གནང་མཁན་དོན་གྲུབ་དབང་ཆེན་ལགས་སུ་ཕྱག་རོགས་གནང་ཡོད་པ་རེད།

གནས་ཚུལ་དབྱུང་ཁུངས་ནས་འགྲེལ་བརྗོད་གནང་དོན་ལ་རྒྱ་མིའི་དབང་འཛིན་པས་མགོ་ལོག་འཇིགས་མེད་ལགས་བསྐྱར་དུ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་བཤད་མེད་པ་དང་ད་ཆ་ཁོང་གར་ཡོད་སུས་ཀྱང་ཤེས་རྟོག་མེད་པ་རེད།

གློག་བརྙན་འཇིགས་བྲལ་བཟོ་སྒྲིག་གནང་མཁན་དོན་གྲུབ་དབང་ཆེན་ལགས་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གསུམ་ཉིན་རྒྱ་མིས་འཛིན་བཟུང་བྱས་ཡོད་པ་དང་ད་ལྟའི་ཆར་ཁོང་འཛིན་བཟུང་དོ་དམ་འོག་ཡོད་མུས་ཡིན་ནའང་ས་གནས་གར་ཡོད་རྩད་གཅོད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎