ཐའེ་ལན་ནང་སྐྱབས་བཅོལ་དུ་ཡོང་མཁན་འབར་མའི་ཡུལ་མི།

འབར་མའི་སྐྱབས་བཅོལ་བ་གསར་པ་མང་པོ་ཞིག་ཡུལ་གྱི་ཆབ་སྲིད་གནས་སྟངས་བརྟན་པོ་མེད་པར་བརྟེན་ཐའེ་ལན་ནང་འབྱོར་བཞིན་ཡོད་པ་རེད།

2010.08.02

༄༅༎འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུའི་དུས་ཚོད་མ་ཟིན་གོང་འབར་མའི་སྐྱབས་བཅོལ་བ་གསར་པ་མང་པོ་ཞིག་ཡུལ་གྱི་ཆབ་སྲིད་གནས་སྟངས་བརྟན་པོ་མེད་པའི་ཉེན་ཁ་ལས་གཡོལ་ནས་ཁྱིམ་མཚེས་ཐའེ་ལན་ནང་འབྱོར་བཞིན་ཡོད་པ་རེད།

འབར་མའི་ས་མཚམས་དང་ཉེ་བའི་ཐཡི་ལེནཌ་ཁུལ་གྱི་སྐྱབས་བཅོལ་བའི་སྒར་ས་ཁག་གི་ནང་འབར་མའི་སྐྱབས་བཅོལ་བ་མི་གྲངས་ཆིག་འབུམ་བཞི་ཁྲི་བརྒྱད་སྟོང་ཙམ་གནས་སྟོད་བྱེད་ཀྱི་ཡོད་པ་དང༌། དེ་ཚོ་ཕལ་ཆེ་བ་དམག་འཁྲུག་གི་གོད་ཆག་ཤུགས་ཆེ་ཕོག་པའི་འབར་མའི་ཤར་ཕྱོགས་གྲོང་གསེབ་ཁག་ནས་ཡིན་པ་རེད།

རིང་མིན་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པའི་གནས་སྟངས་འོག། ཐའེ་ལན་་ནང་འབར་མ་སྐྱབས་བཅོལ་བ་ཚོར་རང་ཡུལ་ལ་ཕྱོར་ལོག་གཏོང་རྒྱུའི་སྐད་ཆ་ཡོང་བཞིན་ཡོད་ནའང༌། གསར་དུ་བྲོས་བྱོལ་ལ་ཡོང་བཞིན་པའི་སྐྱབས་བཅོལ་བ་ཚོས་ཡུལ་གྱི་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་མེད་པ་དང༌། དེ་འདྲའི་གནས་སྟངས་འོག་ཐའེ་ལན་ནང་གསར་དུ་བྲོས་བྱོལ་ལ་འབྱོར་བའི་བུད་མེད་ཧ་ལ་ཧ་ལ་ཨ་ཡེ་ཡིས་བདུན་གསུམ་གོང་མོ་རང་དང་མོ་རང་གི་ཟའ་ཟླ་གཉིས་ཀྱིས་ཕྲུ་གུ་གསུམ་མཉམ་འཁྲིད་བྱས་ནས་བྲོས་བྱོལ་དུ་སླེབས་ཡོད་ནའང༌། བུ་གཅིག་མཉམ་དུ་འཁྲིད་མ་ཐུབ་པར་འབར་མའི་ནང་ལུས་ཡོད་སྐོར་ངུ་བཞིན་དུ་ཕ་རེན་སིའི་གསར་འགོད་པར་འགྲེལ་བརྗོད་བྱས་བཞག།

བུད་མེད་དེས་དྲག་པོའི་གཞུང་མུ་མཐུད་གནས་པ་ཡིན་ན། ཡུལ་ནང་ཞི་བདེ་ཡོང་ཐབས་མེད་པ་དང༌། གནས་སྟངས་ད་དུང་སྡུག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཏེ། སྐྱབས་བཅོལ་བ་ཚོ་ཕྱིར་ལོག་བྱས་པ་ཡིན་ན། སྲོག་ལ་ཉེན་ཁ་ཡོད་སྐོར་བརྗོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎