པེ་ཅིན་ནང་བཟོ་གྲྭ་མང་པོ་གནས་སྐབས་ལས་མཚམས་འཇོག་རྒྱུ།

རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ཉེ་འཁོར་གྲོང་ཁྱེར་དང་ཞིང་ཆེན་ཁག་ནང་གི་བཟོ་གྲྭ་མང་པོ་ཞིག་གནས་སྐབས་ལས་མཚམས་འཇོག་རྒྱུ་ཡིན་འདུག

2008.07.05

༄༅༎རྒྱ་ནག་གཞུང་གིས་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་གྱི་གོང་པེ་ཅིན་ནང་གི་མཁའ་རླུང་བཙོག་པའི་གནས་སྟངས་དེར་འགྱུར་ལྡོག་གཏོང་ཆེད་པེ་ཅིན་དང་ཐག་ཉེ་རིང་མཚམས་ཀྱི་གྲོང་ཁྱེར་དང་ཞིང་ཆེན་ཁག་ནང་གི་བཟོ་གྲྭ་མང་པོ་ཞིག་གནས་སྐབས་ལས་མཚམས་འཇོག་རྒྱུའི་ལས་དོན་སྤེལ་བཞིན་ཡོད་པ་ལྟར། པེ་ཅིན་དང་ཐག་ཉེ་བའི་རྒྱ་ནག་གི་མཚོ་ཁའོ་གྲོང་ཁྱེར་ཐན་ཅིན་ནང་བཟོ་གྲྭ་ཁག་༤༠ཙམ་ཕྱི་ཟླ་བདུན་པའི་ཚེས་༢༥ནས་ཕྱི་ཟླ་དྲུག་པའི་ཚེས་༢༠བར་ལས་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་ཟིན་ཡོད་པ་རེད། པེ་ཅིན་གྱི་མཁའ་རླུང་འབག་བཙོག་གི་གནད་དོན་དེ་བཞིན་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་དཀའ་གནད་ཆེན་པོ་ཞིག་ཡིན་པ་མ་ཟད། ཕྱི་རྒྱལ་གྱི་ལུས་རྩལ་མི་ཉུང་བ་ཞིག་ཡང་ཨོ་ལིམ་པིག་རྩེད་འགྲན་ནང་བཞུགས་རྒྱུ་མིན་པའི་རྒྱུ་མཚན་གལ་ཆེ་ཞིག་ཡང་ཆགས་ཀྱི་ཡོད་པར་བརྟེན་། རྒྱ་ནག་གཞུང་གིས་གནད་དོན་དེར་ཐག་གཅོད་ཡོང་རྒྱུར་འཆར་གཞི་མང་པོ་བཏོན་ཡོད་ཅིང་། དེ་ཚོའི་ཁྲོད་འཁོར་ཡུག་འབག་བཙོག་ཤུགས་ཆེན་པོ་བཟོ་མཁན་གྱི་བཟོ་གྲྭའི་རིགས་པེ་ཅིན་ནས་གནས་སྐབས་གནས་སྤོས་བྱེད་བཅུག་ཡས་དང་གནས་སྐབས་ལས་གཉེར་བྱ་རྒྱུ་མཚམས་འཇོག་བྱེད་བཅུག་ཡས་། དེ་བཞིན་ཨོ་ལིམ་པིག་རྩེད་འགྲན་རིང་པེ་ཅིན་ནང་མོ་ཊ་འགྲོ་འོང་བྱེད་ཡས་ཉུང་དུ་གཏོང་རྒྱུ་སོགས་ཀྱི་འཆར་གཞི་མང་པོ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎