བཙན་བྱོལ་བོད་གཞུང་གི་བཀའ་ཁྲིའི་དགོངས་ཚུལ་སྐོར།
2009.06.10
༄༅༎བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པའི་ཕྱག་ལས་ནས་རྩ་དགོངས་ཞུ་རྒྱུ་སྙན་སེང་ཞུས་གནང་ཡོད་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་བཞེས་གནང་མེད་པ་རེད་ཅེས་ཁ་ས་རྒྱ་གར་གྱི་ཨིན་ཌོ་ཨེ་ཤེ་ཡ་གསར་འགྱུར་བརྒྱུད་ལམ་ནང་འཁོད་པའི་གནས་ཚུལ་དེ་ཐད་འདི་ག་རླུང་འཕྲིན་ཁང་ནས་ཐད་ཀར་བཀའ་བློན་ཁྲི་པའི་དྲུང་ཡིག་ལ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས་དེ་སྔ་བཀའ་ཤག་ནང་བཀའ་བློན་ཁྲི་པའི་དུས་ཡོན་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་བར་ཡིན་ཀྱང་དེ་སྔ་སྣུར་ཏུ་འོས་འདེམས་གནང་བ་ཡིན་ན་འགྲིག་མིན་སྐོར་བཀའ་མོལ་བྱུང་བ་ལས་བཀའ་བློན་ཁྲི་པ་མཆོག་ཐུགས་ནས་རྩ་དགོངས་ཞུས་གནང་གི་ཡིན་ཞེས་གསུང་ཡོད་པ་སོགས་པའི་གནས་ཚུལ་དེ་བདེན་པ་མིན་སྐོར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐུ་སྒེར་གྱི་དྲུང་ཡིག་ནས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་ཡོད། ཡང་ཁོང་གིས་མུ་མཐུད་གསུང་ན་བཀའ་བློན་ཁྲི་པ་མཆོག་གིས་མ་འོངས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དེ་བཞིན་སྐྱེས་ཤིག་དང་ལྷག་པར་དུ་བེུད་ཅིག་འདེམས་ཐོན་གནང་བ་ཡན་ན་ལེགས་ཚུལ་གྱི་དགོངས་ཚུལ་སྟོན་གནང་ཡོད་པ་དང་དེ་ཡང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གི་དགོངས་ཚུལ་ཅིག་པུར་མ་ཡིན་པར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་ཚུལ་ཡང་ཡིན་སྐོར་བཀའ་ཤག་ནང་བཀའ་གནང་ཡོད་པ་རེད་ཅེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་སྒེར་དྲུང་ཡིག་ནས་དེ་གར་ངོ་སྤྲོད་གནང་ཡོད་པ་རེད།