སྤྱི་འཐུས་ཚོགས་གཙོས་བོད་ནས་ཕེབས་མཁན་ཚོར་བཀའ་སློབ།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་ཕེབས་པའི་མང་ཚོགས་ལ་བཀའ་སློབ་གནང་ཡོད་འདུག

2011.12.26

༄༅༎བོད་ཀྱི་དུས་བབ་ཀྱི་དྲ་གནས་སུ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ས་རེས་གཟའ་ཉི་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་མཁན་བོད་ནས་ཕེབས་པའི་མང་ཚོགས་ལ་བཀའ་སློབ་གནང་ཡོད་པ་དང་བཀའ་སློབ་ཀྱི་ནང་དོན་གཙོ་བོ་ནི། ཐོག་མར་བོད་མི་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་འཕོ་བསྒྱུར་སོགས་ཀྱི་གནས་སྟངས་རྣམས་ངོ་སྤྲོད་གནང་འདུག ལྷག་པར་དུ་ལོ་འདིར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་བཙན་བྱོལ་བོད་མི་མང་ཚོགས་ནས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པར་གནང་ཡོད་པར་བརྟེན་བཀའ་བློན་ཁྲི་པ་འདི་གཞུང་གི་འགན་འཛིན་རེད། ད་ལྟ་ང་ཚོར་རྒྱལ་ཁབ་ཀྱི་དབུ་འཁྲིད་ཡོད་པ་མ་རེད། ཆེད་མངགས་མེད་པ་བཟོས་གནང་བ་རེད། མ་འོངས་པར་འགྱུར་བ་གང་འདྲ་ཞིག་གཏོང་མིན་དེ་གཙོ་བོ་བོད་དུ་ལོག་རྒྱུ་བྱུང་ན་ཐག་གཅོད་མཁན་ཁྱེད་རང་ཚོ་རེད་ཅེས་གསུངས་ཡོད་འདུག དེ་དང་ཕྱོགས་མཚུངས་བོད་རྒྱའི་འབྲེལ་ལམ་ཐེངས་དགུ་ཙམ་བྱས་ཀྱང་དོན་འབྲས་མ་སོན་པ་དེ། རྒྱ་གཞུང་ལ་བོད་དོན་འགྲིག་འཇག་བྱ་རྒྱུའི་འདུན་པ་མེད་པ་ཡིན་པ་ནི་འདི་ལོ་བཀའ་བློན་ཁྲི་པའི་འོས་འདེམས་སྐབས་སྔོན་འགྲོའི་འོས་བསླུགས་མ་ཐག རྒྱ་ནག་གཞུང་གིས་བཀའ་བློན་ཁྲི་པ་སུ་ལ་འཐོབ་རྒྱུ་ཤེས་ཏེ་བློ་བཟང་སེང་གེ་དྲག་སྤྱོད་པ་རེད་ཟེར་བའི་ཉེས་འཛུགས་བྱས་པ་དེ་རྒྱ་ནག་གཞུང་གིས་བཀའ་ཁྲི་གསར་པར་འབྲེལ་བ་གནང་འདོད་མེད་པའི་གྲ་སྒྲིག་ཡིན་ཚུལ་ཡང་གསུངས་འདུག
ཡང་ཁོང་གིས་མུ་མཐུད་ནས་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའི་ལངས་ཕྱོགས་འཛིན་སྟངས་ཀྱང་གསལ་བཤད་གནང་ཡོད་པ་རེད། གནས་མཆོག་རྡོར་རྗེ་གདན་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཚེས་ ༣༡ ནས་བཟུང་ཉིན་གྲངས་བཅུའི་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་གི་ཡོད་པ་དང་། ད་ལྟ་ནས་བོད་མི་ཧ་ཅང་མང་པོ་ས་གནས་སུ་འདུ་འཛོམས་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎