རྔ་པ་ཁུལ་གྱི་སློབ་མར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

བཙན་བྱོལ་བོད་ཕྲུག་ཁག་ཅིག་གིས་བོད་རྔ་པ་ཁུལ་གྱི་སློབ་མ་ཚོས་ཟས་བཅད་ངོ་རྒོལ་བྱས་པར་གདུང་སེམས་མཉམ་སྐྱེད་ཞུ་སླད་ལས་འགུལ།

2011.04.04

༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་པའི་སློབ་ཕྲུག་ཚོས་མདོ་སྨད་རྔ་པ་ཁུལ་གྱི་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་ཚོས་ཕྱི་ཟླ་༣ཚེས་༡༧ནས་ཟས་བཅད་ངོ་རྒོལ་བྱས་པར་གདུང་སེམས་མཉམ་སྐྱེད་ཞུ་སླད་དེ་རིང་རང་དབང་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་ཡོད་ཅིང༌། རྒྱ་གར་དང་ ཨ་མི་རི་ཀ། ཀེ་ན་ཌ་དང་དབྱིན་ཡུལ་བཅས་ཀྱི་ས་གནས་ཁག་འགའ་ཤས་ནང་དེ་དང་འདྲ་བའི་ལས་འགུལ་སྤེལ་གནང་བཞག།

བཞུགས་སྒར་རྡ་རམ་ས་ལར་བོད་པའི་སློབ་ཕྲུག་ཚོས་ཟླ་བ་སྔོན་མ་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་སྐུ་པར་དང་སྦྱར་ཡིག་སོགས་འཁྱེར་ནས་གཙུག་ལག་ཁང་གི་མདུན་ཟས་བཅད་ངོ་རྒོལ་གནང་ཡོད་པ་དང༌། སློབ་ཕྲུག་འགའ་ཤས་ཀྱིས་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་འགྲེལ་བཤད་ཀྱིས་འབྲེལ་ཡོད་ཡིག་ཆ་བཀྲམ་གནང་འདུག། ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་སློབ་ཕྲུག་ཚེ་རིང་རྡོ་རྗེ་ལགས་ཀྱིས་རྔ་པ་ཁུལ་གྱི་བོད་པའི་སློབ་ཕྲུག་ཚོས་རྒྱ་མིའི་དམ་བསྒྲགས་ལ་མགོ་བོ་མ་སྒུར་བར་དཔའ་ངར་ཆེན་པོས་ཟས་བཅད་ངོ་རྒོལ་གནང་བ་དེས་བོད་པའི་སློབ་ཕྲུག་དང་འཛམ་གླིང་གི་ས་ཁུལ་གང་སར་ཡོད་པའི་བོད་མི་ཡོངས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་ལྟར། བཙན་བྱོལ་ནང་གི་བོད་པའི་སློབ་ཕྲུག་ཚོས་ལས་འགུལ་དེ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་ཡུལ་ཁག་གི་སྲིད་གཞུང་ཁག་ལ་རྔ་པ་ཁུལ་གྱི་འགྲོ་བ་མིའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ཀྱི་དཀའ་རྙོག་དེ་དྲང་བདེན་གྱི་ལམ་ནས་སེལ་དགོས་རྒྱུའི་གནོན་ཤུགས་སྤྲོད་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎