བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཡོད་པའི་སྐོར་གསུང་ཡོད་པ་རེད།

2012.06.08

༄༅༎དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཉིས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་བསྲེག་བཏང་བའི་རྗེས། རྒྱ་ནག་གཞུང་གིས་ལྷ་སའི་བོད་མིའི་ཐོག་དྲག་གནོན་བྱས་ཏེ་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་ཆམ་པ་སོགས་འགྲོ་བསྐྱོད་བྱེད་དུ་མ་བཅུག་པར་འཛམ་གླིང་ཕྱི་ཕྱོགས་ཀྱི་འབྲེལ་བ་ཅད་པ་དེ་ཡིས། བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་གང་ཡང་ཡོང་རྒྱུ་མིན་པ་དང༌། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཡོད་པའི་སྐོར་གསུང་ཡོད་པ་རེད།

ད་དུང་ཕྱི་ཟླ་༦ཕྱི་ཚེས་༧ ཉིན་གྱི་ཨ་རིའི་དུས་དེབ་ཞིག་གི་ཐོག་ལ། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་མའི་དྲག་ཆས་ཉེན་རྟོག་དམག་མི་སུམ་སྟོང་འཕར་སྣོན་བྱས་ཏེ། དམག་མིའི་སྡོད་སྒར་བསྐྱར་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང༌། ཕྱི་ཟླ་ལྔ་པའི་ཚེས་༢༧ ཉིན་བོད་མི་གཉིས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་རྗེས། ལྷ་སའི་ནང་བོད་མི་བརྒྱ་ཕྲག་མང་པོར་དམ་དྲག་དང་གང་བྱུང་དུ་འཛིན་བཟུང་བྱས་པ། ལྷག་དོན་བོད་ཨ་མདོ་དང་ཁམས་ནས་ཡོང་བའི་བོད་མི་ཚོར་དམིགས་བསལ་གྱིས་དམ་དྲག་བྱས་དང་བྱེད་མུས་ཡིན་པའི་གནས་ཚུལ་བཀོད་ཡོད་ལ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཀྱང་ཕྱི་ཟླ་དྲུག་པའི་ཚེས་༡ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལའང༌། རྒྱ་ནག་ཞུང་གིས་བོད་མི་འཛིན་བྱས་པའི་ཁོངས་ནས་མང་པོ་ཞིག་ཚལ་གུང་ཐང་དུ་ཡོད་པའི་བཀག་ཉར་ཁང་གཙོས་པའི་ལྷ་སའི་ཁུལ་གྱི་བཙོན་ཁང་ཁག་ཏུ་བཅུག་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ལྷ་སའི་བོད་མིའི་ཐོག་དམ་དྲག་ཆེ་རུ་བཏང་བ་དེ་ཡིས་དཀའ་ངལ་ནམ་ཡང་སེལ་ཐུབ་རྒྱུ་མིན་པ་དང༌། བར་ལམ་བོད་མི་ཚོས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་རིམ་པ་བཞིན་བྱུང་བ་དེ་དག་གི་ཡོང་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་ཅན་གྱི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་ལག་བསྟར་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན་པ་བཀོད་ཡོད་ཅེས་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་ཀྱང། རྒྱ་ནག་གཞུང་ཕྱོགས་ནས་བོད་དེ་འཛམ་གླིང་ཕྱི་ཕྱོགས་སུ་སྒོ་རྒྱབ་སྟེ་བོད་མིའི་མངོན་འདོད་ཀྱི་འབོད་སྒྲར་དམ་དྲག་བྱས་པ་དེ་ཡིས་བོད་ཀྱི་དཀའ་ངལ་སེལ་ཐུབ་རྒྱུ་མིན་པར་སོང་བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ནི་གྲོས་མོལ་ཁོ་ན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎