རྒྱ་ནག་གི་དཔོན་རིགས་ཟུར་བ་ལེན་ལ་ཚེ་བཙོན་བཅད་པ།


2016.07.05
རྒྱ་ནག་དབུས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་འགན་འཛིན་བྱས་མྱོང་མཁན་ལིན་ཇིན་ཧ་(Ling Jihua) ༢༠༡༣ རྒྱ་ནག་དབུས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་འགན་འཛིན་བྱས་མྱོང་མཁན་ལིན་ཇིན་ཧ་(Ling Jihua) ༢༠༡༣
དྲ་བཤུས།

འདི་ཚེས་༤་གཟའ་ཟླ་བའི་ཉིན་རྒྱ་ནག་ཐེན་ཅིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཇིན་ཐའོ་ཡི་སློབ་སྟོན་པ་དང་། དབུས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་འགན་འཛིན་བྱས་མྱོང་མཁན་ལིན་ཇིན་ཧས་(Ling Jihua)ཨ་སྒོར་ས་ཡ་༧༧་ཙམ་ལྐོག་ཟས་བྱས་པ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱི་ཤོར། སྲིད་དབང་ལོག་པར་སྤྱད་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཉེས་ཆད་གསལ་བསྒྲགས་བྱས་ཡོད་པ་རེད།
འདི་ནི་ཕྱི་ལོ་༢༠༡༦་ལོའི་ནང་རྒྱ་ནག་ནང་ལྐོག་ཟའི་ནག་ཉེས་འོག་བཙོན་བཅུག་གི་ཉེས་ཆད་ཕོག་མཁན་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ནང་ལིན་ཇིན་ཧ་དང་རྡོ་སོལ་གྱི་གཏེར་ཁ་ཤུགས་ཆེ་ཡོད་ས་རྒྱ་ནག་གི་ཧྲན་ཤི་ཞིང་ཆེན་ནང་གི་འབྲེལ་བའི་སྐོར་གང་ཡང་བརྗོད་མེད་པ་རེད།
ལིན་ཇིན་ཧ་ལ་ཁྲིམས་བཤེར་བྱས་པའི་ཡིག་ཆའི་ནང་ཁོ་པ་དང་ཧྲན་ཤི་ཞིང་ཆེན་ནང་གི་ལྐོག་ཟའི་ངན་འབྲེལ་ཡོད་པའི་ཡིག་ཆ་མང་དག་ཅིག་གསལ་སྟོན་བྱས་ཡོད་ཅིང་། ལོ་ན་༥༩་ཡིན་པ་ལིན་ཇིན་ཧ་ནི་ཧྲན་ཤི་ནས་ཡིན་ཞིང་། ལོ་ངོ་༢༣་ཙམ་ཞིང་ཆེན་དེའི་ནང་གནས་ཡོད་པ་ཧོང་ཀོང་ནས་བཏོན་པའི་ལྷོ་རྒྱ་ནག་གི་ཕོ་ཉ་ཟེར་བའི་གསར་ཤོག་གིས་གནས་ཚུལ་བཀོད་སྤེལ་བྱས་འདུག།  
ལིན་ཇིན་ཧ་ཡི་གཅེན་པོ་ལིང་ཀྲང་ཅི་ཕྱི་ལོ་༢༠༡༤་ལོར་ལྐོག་ཟའི་ཞིབ་བཤེར་མ་བྱས་གོང་ཧྲན་ཤི་ཞིང་ཆེན་གྱི་ཆབ་སྲིད་སློབ་སྟོན་པའི་དཔོན་རིགས་མཐོ་གྲས་ཤིག་ཡིན་པ་དང་། ལིན་ཀྲང་ཅིར་ནག་ཉེས་ཞིབ་བཤེར་བྱ་རྒྱུ་དེ་ལིན་ཇིན་ཧ་སྔོན་དུ་བྱས་ཡོད་ན་ཡང་། ད་དུང་ནག་ཉེས་གསལ་བསྒྲགས་བྱས་མེད་པ་རེད།
ལིང་ཇི་ཧ་ནི་དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་ཡི་སྐབས་དམར་ཤོག་ཚོགས་པའི་སློབ་སྟོན་པ་བྱེད་མྱོང་ཡོད་པར་མ་ཟད། ཕྱི་ལོ་༢༠༡༢་ནས་༢༠༡༤་བར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པ་དང་། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་གཙོ་འཛིན་ཡང་བྱེད་མྱོང་ཡོད་པ་རེད།
ཕྱི་ལོ་༢༠༡༢་ལོར་ཁོ་པའི་བུ་ཕྷེ་ར་རི་ཟེར་བའི་མོ་ཊ་ཧ་ཅང་རིན་གོང་ཆེ་བ་ཞིག་བཏང་སྟེ་བརྡབ་སྐྱོན་གྱི་འོག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་རྗེས། ལིན་ཇིན་ཧ་ཐོག་དོ་སྣང་བྱེད་ཤུགས་ཆེ་རུ་སོང་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎