རྒྱ་ནག་གི་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་བཟོ་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་འདུག
2018.02.26
ཞི་ཇིང་པིན་གྱི་སྲིད་དབང་རིང་དུ་གཏོང་རྒྱུར་དམིགས་ཏེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་པར་སྐྱོན་བརྗོད་བྱུང་བཞིན་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་ནག་སྲིད་འཛིན་གྱི་དབང་འཛིན་དུས་ཡུན་ཚད་བཀག་མེད་པར་བཟོ་རྒྱུའི་གྲོས་གཞིའི་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱུང་བཞིན་ཡོད་པར་གཞུང་ཕྱོགས་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་ཞིབ་བཤེར་དང་བཀག་སྡོམ་བྱེད་འགོ་བཙུགས་འདུག
ཕྱི་ལོ་ ༡༩༨༢ ལོར་གཏན་བེབས་བྱས་པའི་རྒྱ་ནག་གི་རྩ་ཁྲིམས་ནང་སྲིད་འཛིན་དང་སྲིད་འཛིན་གཞོན་པས་ལས་ཁུར་སྐབས་གཉིས་ཏེ་ལོ་བཅུའི་དུས་བཀག་བཟོས་ཡོད་ཅིང་། དེ་གཞིར་བཟུང་ལྟར་ན། ཞི་ཇིན་པིང་གི་རྒྱ་ནག་སྲིད་འཛིན་གྱི་དབང་ཚད་དེ་ཕྱི་ལོ་ ༢༠༡༣ ལོར་མཇུག་བསྡུ་དགོས་ཀྱི་ཡོད་པ་རེད།
འདི་ཚེས་༢༥་གཟའ་ཉི་མར་སྲིད་འཛིན་གྱི་ལས་ཁུར་དུས་ཡུན་ཚད་བཀག་མེད་པར་གཏོང་འདོད་ཀྱི་གྲོས་འཆར་ཁྱབ་བསྒྲགས་བྱས་རྗེས་རྒྱ་ནག་ནང་གི་ཝེ་པཱོ་དང་། སྐད་འཕྲིན་སོཊ་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྐྱོན་བརྗོད་བྱེད་འགོ་ཚུགས་ཡོད་པར་གཞུང་ཕྱོགས་ནས་ཞིབ་བཤེར་དང་བཀག་སྡོམ་བྱས་འདུག
ཝེ་པཱོ་དྲ་ལམ་དུ་འཇིགས་སྐྲག་ཟེར་མཁན་ཞིག་གིས “རྩ་ཁྲིམས་ནང་གི་སྲིད་འཛིན་སྐབས་གཉིས་ལས་སྡོད་མི་ཆོག་པའི་འབྲུ་དོན་བཀོད་ནས་སྐར་མ་༡༣་ ཙམ་ལས་མ་སོང་བའི་རྗེས་བཀག་སྡོམ་བྱས་ཡོད་སྟབས་ ཡང་བསྐྱར་འགོད་རྒྱུ་ཡིན་”ཞེས་བྲིས་འདུག
ཡང་གཞན་ཞིག་གིས་ “ང་ཚོ་བྱང་ཀོ་རི་ཡ་ལྟ་བུར་འགྱུར་རྒྱུ་རེད་”ཅེས་བཤད་འདུག དེ་བཞིན་དུ་རི་མོའི་ལམ་ནས་ཞིས་ཅིན་ཕིན་གྱི་སྲིད་དབང་འཛིན་ཕྱོཊ་ལ་ཟུར་ཟ་བྱེད་པ་སོཊ་མི་མང་གིས་འདོད་མོས་མེད་པའི་རྣམ་འགྱུར་སྣ་ཚོཊ་ཐོན་ཡོད་པ་རེད། ཡིན་ནའང་གཟའ་ཉི་མའི་ཕྱི་དྲོ་ཙམ་ལ་མི་མང་གི་བསམ་ཚུལ་དེ་རིཊ་དྲ་ལམ་དུ་བཀག་སྡོམ་གྱིས་མཐོང་རྒྱུ་མེད་པ་བཟོས་ཡོད་སྐོར་རོའེ་ཊིར་སི་གསར་ལས་ཁང་གི་གནས་ཚུལ་སྤེལ་འདུག
ཕྱི་ཟླ་གསུམ་པའི་ཚེས་མགོར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཚོཊ་སྐབས་རྩ་ཁྲིམས་བསྐྱར་བཅོས་བྱ་འཆར་ཡོད་ཅིང་། འཐུས་མི་དེ་དག་ནི་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་ཡོད་པ་ཤ་སྟག་ཡིན་སྟབས། དམར་ཤོག་ཚོགས་པས་བཏོན་པའི་གྲོས་གཞི་ཁག་ལ་རྒྱ་ནག་གི་མིང་ཙམ་གྱི་གྲོས་ཚོགས་ཐོག་ནས་གཏན་བེབས་ཡོང་རྒྱུར་ཐེ་ཚོམ་མི་དགོས་པ་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་དམག་དོན་ལྷན་ཁང་གི་འགོ་ཁྲིད་བཅས་ལ་དུས་བཀག་ཚད་གཞི་མེད་ཅིང་། ཞི་ཇིན་པིང་ནི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་དམག་གི་འགོ་ཁྲིད་ཀྱང་ཡིན་པ་རེད།
གསར་འགོད་པ་རྡོ་རྗེ་མཚོ།