ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ལི་ཉི་ཧོང་དུ་འཚམས་གཟིགས།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཐེང་ཧུའེ་དེ་རིང་ཉི་ཧོང་དུ་འཚམས་འདྲིར་ཕེབས་འབྱོར་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

2009.09.04

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཐེང་ཧུའེ་ན་ནིང་ཉི་ཧོང་དུ་འཚམས་འདྲི་ཕེབས་ཏེ་ཉི་ཧོང་དང་ཐའེ་ལྦན་ རྒྱ་ནག་བཅས་བར་ལ་བདག་དབང་གི་རྩོད་གཞི་ཡོད་པའི་ཤར་རྒྱ་ནག་གི་རྒྱ་མཚོ་ཐོག་ཏུ་ཆགས་པའི་གླིང་ཕྲན་དེ་ནི་ཉི་ཧོང་གི་བདག་དབང་ས་ཁུལ་རེད་ཅེས་གསུངས་པའི་རྗེས་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་བྱེད་བཞིན་ཡོད་ནའང་དེ་རིང་རེས་གཟའ་པ་སངས་ཉིན་སླར་ཡང་ཉི་ཧོང་དུ་འཚམས་འདྲིར་ཕེབས་འབྱོར་གྱིས་གཟའ་འཁོར་གཅིག་རིང་བཞུགས་ཀྱི་ཡོད་པ་རེད།

དགུང་གྲངས་༨༦ལ་ཕེབས་པའི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཐེང་ཧུའེ་ཉི་ཧོང་དུ་སློབ་གྲྭར་ཕེབས་མྱོང་ཡོད་པའི་ཤེས་ཡོན་གྱི་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་ཞིང་དེ་སྔོན་ཕྱི་ལོ་༡༩༨༨ནས་༢༠༠༠བར་ཏུ་ཁོང་གིས་ཐའེ་ལྦན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རིང་ལ་ཐའེ་ལྦན་གྱི་ངོ་བོ་རྒྱ་ནག་དང་ཐ་དད་ཡོང་ཐབས་དང་དམངས་གཙོའི་ལམ་སྲོལ་སྲུང་སྐྱོབ་གནང་ཡོད་པ་དང་དེ་རྗེས་ཕྱི་ལོ་ཉིས་སྟོང་ལོར་སྲིད་འཛིན་ལས་བསྒྱུར་གནང་བ་ནས་བཟུང་ད་བར་ཉི་ཧོང་དུ་ཐེངས་དགུ་འཚམས་འདྲིར་ཕེབས་མྱོང་ཡོད་པ་རེད། ཡིན་ནའང་ཁོང་ཉི་ཧོང་དུ་འཚམས་འདྲིར་ཕེབས་རིམ་བཞིན་རྒྱ་ནག་ཕྱོགས་ནས་ངོ་རྒོལ་བྱས་ཏེ་སྐུ་ཞབས་ལི་ཐེང་ཧུའེ་ཉི་ཧོང་དུ་འཚམས་འདྲིར་ཕེབས་ཏེ་ཐའེ་ལྦན་གྱི་གནས་བབ་ཡར་རྒྱས་གཏོང་ཐབས་ཀྱི་དམིགས་ཡུལ་བཅངས་ཡོད་པའི་དོགས་པ་དང་མཐོང་ཚུལ་ཡོང་གི་ཡོད་ཀྱང་ཐའེ་ལྦན་ཡུལ་སྐོར་སྤྲོ་འཆམ་པ་ཉི་ཧོང་དུ་བསྐྱོད་རྒྱུར་ཐོངས་མཆན་ཞུ་དགོས་ཀྱི་མེད་པ་དང་ད་རེས་སྐུ་ཞབས་ལི་ཐེང་ཧུའི་ཡི་ཉི་ཧོང་གི་འཚམས་འདྲི་དེ་ནི་སྐུ་སྒེར་གྱི་གཟིགས་སྐོར་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། དེ་རིང་སྐུ་ཞབས་ལི་ཏེང་ཧུའེ་དང་ཁོང་གི་སྐུ་ཟླ་གཉིས་སྲུང་སྐྱོབ་དམ་པོའི་ཐོག་ནས་ཉི་ཧོང་གི་ན་རི་ཏ་གནམ་ཐང་དུ་ཕེབས་འབྱོར་བྱུང་ཡོད་པ་དང་སྐབས་དེར་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོའི་ལག་ཏུ་ཉི་ཧོང་དང་ཐའེ་ལྦན་གྱི་རྒྱལ་དར་འཁྱེར་ཏེ་དགའ་བསུ་ཞུས་ཡོད་ཅིང་རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ཀྲོག་ཡོ་དུ་ཉི་ཧོང་མི་དམངས་ལ་གསུང་བཤད་གནང་རྒྱུ་དང་དེ་རྗེས་ཚོང་ལས་མི་སྣའི་ལྷན་དུ་ཉི་ཧོང་གི་ལྷོ་ཕྱོགས་ས་ཁུལ་ཁག་གཉིས་ནང་འཚམས་འདྲིར་ཕེབས་ཏེ་རེས་གཟའ་ཕུར་བུའི་ཉིན་ཐའེ་ལྦན་དུ་ཕྱིར་ལོག་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎