བལ་ཡུལ་ཇོ་མོ་གླང་མའི་ཁུལ་དུ་གནམ་གྲུ་བརྡབ་སྐྱོན་བྱུང་བ།

བལ་ཡུལ་དུ་གངས་རི་ཇོ་མོ་གླང་མའི་ཁུལ་དུ་བསྐྱོད་མཁན་ཡུལ་སྐོར་སྤྲོ་འཆམ་པའི་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ་མི་༡༩རྐྱེན་ལམ་དུ་ཕྱིན་ཡོད་པ།

2011.09.25

༄༅༎བལ་ཡུལ་དུ་གངས་རི་ཇོ་མོ་གླང་མའི་ཁུལ་དུ་བསྐྱོད་མཁན་ཡུལ་སྐོར་སྤྲོ་འཆམ་པའི་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ། དེའི་ནང་གི་འགྲུལ་པ་མི་གྲངས་༡༩ ཡོད་པ་ཚང་མ་རྐྱེན་ལམ་དུ་ཕྱིན་ཡོད་པའི་སྐོར་རེས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་འདུག
དེ་ཡང་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་ཡུལ་གྱི་སྦུ་རྡ་མཁའ་འགྲུལ་ལས་ཁང་གི་གནམ་གྲུའི་ནང་དུ་རྒྱ་གར་བ་ཡུལ་སྐོར་སྤྲོ་འཆམ་པ་༡༠ དང༌། ཨ་མི་རི་ཀ་བ་གཉིས། ཉི་ཧོང་མི་གཅིག  བལ་ཡུལ་ས་གནས་ཀྱི་ཡུལ་མི་གསུམ་བཅས་ཡོད་ཅིང༌། གནམ་གྲུ་དེ་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ནས་ཀི་ལོ་མོ་ཊར་༡༠ དུ་ཡོད་པའི་གོ་ཌ་ལྦ་རི་ཞེས་པའི་ཁུལ་དུ་གནམ་གཤིས་སྨུག་པ་དང་དྲག་ཆར་བབས་པའི་རྐྱེན་གྱིས་ས་ལ་ལྷུངས་ཡོད་པ་རེད། ད་དུང་གནམ་གྲུ་གཏོང་མཁན་གཙོས་པའི་གནམ་གྲུའི་ལས་མི་གསུམ་ཡང་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།
དེ་ཡང་ཉེན་སྐྱོབ་རུ་ཁག་གི་འགོ་ཁྲིད་ཀྱིས། སྦུ་རྡ་གནམ་གྲུ་༡༠༣ བྱས་པ་དེ་ནི། ཇོ་མོ་གླང་མའི་རི་བརྒྱུད་དུ་འཕུར་བསྐྱོད་བྱས་ཏེ་ཚུར་ཕྱིར་ལོག་བྱེད་པའི་ལམ་བར། ཀོཏ་ཌ་ཌ་རི་བོའི་སྟེང་ལྷུངས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་དང༌། དེ་བཞིན་བལ་ཡུལ་ཉེན་རྟོག་པའི་མགྲིན་ཚབ་པས། དང་ཐོག་གནམ་གྲུའི་ནང་གི་མི་གཅིག་སྐྱོབ་ཐུབ་པ་བྱུང་ཡོད་ཀྱང་རྗེས་སུ་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎