ཡོ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་གནས་སྟངས་ཐོག་གྲོས་ཆོད་བཞག

ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་ཆོད་བཞག་འདུག

2012.06.15

༄༅༎ཕྱི་ཟླ་དྲུག་པའི་ཚེས་༡༤ཉིན་ཕ་སན་སིའི་གྲོང་ཁྱེར་སི་ཀྲའསི་སྦག་(Strasbourg)ཏུ་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་མོལ་བྱ་རྒྱུའི་ཕྱི་འབྲེལ་དང་ འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཤོས་གྲས་སུ་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པར་བརྟེན་ ཐེངས་འདིའི་ལྷན་ཚོགས་སྐབས་ཡོ་རོབ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་ཆོད་བཞག་གནང་ཡོད་པ་དང་ དོན་ཚན་༢༡ཅན་གྱི་གྲོས་ཆོད་དེའི་ནང་ བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ དེ་བཞིན་ཆོས་དད་དང་འདུ་འཛོམས་ཀྱི་རང་དབང་བཅས་སྲུང་སྐྱོབ་བྱ་རྒྱུ་ནི་ཡོ་རོབ་སྤྱི་མཐུན་ཚོགས་པའི་རྒྱབ་རྟེན་གྱི་ལྟ་གྲུབ་གཙོ་བོ་ཡིན་པ་མ་ཟད་ ཕྱི་འབྲེལ་གྱི་ཆབ་སྲིད་ལག་བསྟར་བྱེད་སྐབས་ ལྟ་གྲུབ་དེ་དག་རྩ་འཛིན་ཞུ་བཞིན་ཡོད་པ་དང་ དེ་བཞིན་ད་ལོ་ཕྱི་ཟླ་ལྔ་པའི་ཚེས་༢༩ཉིན་བེལ་ཇམ་གྱི་རྒྱལ་ས་ བུར་སིལ་སལ་སེ་དུ་རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་ཚོགས་པའི་དབར་འགྲོ་བ་མིའི་ཐོབ ཐང་སྐོར་གྲོས་མོལ་ཐེངས་༣༡སྐབས་ བོད་མི་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་སྤྲོད་དགོས་པའི་སྐོར་གླེང་ཡོད་ ཡིན་ནའི་ཡོ་རོབ་མཐུན་ཚོགས་དང་ རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་བགྲོ་གླེང་རིམ་པ་བྱས་པ་བརྒྱུད་ནས་ བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་ཐད་དོན་སྙིང་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་མེད་ཅིང་ དེར་བརྟེན་བོད་ཀྱི་༧སྐྱབས་མགོན་ཏ་ལའི་བླ་མཆོག་གི་སྐུ་ཚབ་རྣམ་པས་བོད་རྒྱ་མི་རིགས་གཉིས་ཕན་གྱི་ལངས་ཕྱོགས་བཟུང་སྟེ་  བོད་ཀྱི་དཀའ་ངལ་སེལ་ཆེད་ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དང་ལྷན་  གྲོས་མོལ་གནང་ཡང་གྲུབ་འབྲས་མ་སོན་པར་ད་ཆ་གྲོས་མོལ་དེ་མུར་ལུས་ཡོད་པའི་གནས་སྟངས་སྐོར་དང་ དེ་མིན་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་བྱུང་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཚད་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པ་མ་ཟད་ དེ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིའི་ཚོའི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ ཆོས་དད་རང་དབང་སོགས་ལ་ཧ་ཅང་དམ་བསྒྲགས་བྱེད་འགོ་ཚུགས་པ་ ལྷག་པར་ཉིས་སྟོང་བརྒྱད་ནས་བཟུང་བོད་མི་མང་པོ་འཛིན་བཟུང་དང་ ཆབ་སྲིད་བཙོན་པ་ཚོར་ཉེས་རྡུང་མནར་གཅོད་ཚོད་མེད་གཏོང་ཡས་ ཉིས་སྟོང་དགུ་ལོ་ནས་བཟུང་བོད་ཀྱི་མདོ་སྟོད་སྨད་དང་ ལྷ་ས་ཁུལ་དུ་ད་བར་བོད་མི་༣༨ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ངོ་རྒོལ་བྱས་ཡོད་པ་སོགས་ཀྱི་དོན་ཚན་བཏོན་ནས་ ཡོ་རོབ་གྲོས་ཚོགས་ཀྱིས་གོང་ཞུས་གནད་དོན་དེ་ཚོའི་ཐོག་ཐག་གཅོད་ཡོང་ཐབས་རྒྱུར་ འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཆེད་དམིགས་བསལ་སྐུ་ཚབ་བསྐོ་བཞག་བྱས་ཏེ་ལས་འགན་གཏན་འབེབས་བྱ་རྒྱུའི་ལས་རིམ་ཐོག་འབད་བརྩོན་བྱེད་བཞིན་ཡོད་པ་སོགས་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎