ནོ་བེལ་ཞི་བདེའི་གཟེངས་རྟཊ་བཞེས་མྱོང་མཁན་ཞིག་སྐུ་གཤེཊ་པ།


2016.07.05
སྐུ་ཞབས་Elie Wiesel་མཆོག་དེ་སྔ་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་བཞེས་སྐབས། ༢༠༠༧།༡༠།༡༧ སྐུ་ཞབས་Elie Wiesel་མཆོག་དེ་སྔ་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་བཞེས་སྐབས། ༢༠༠༧།༡༠།༡༧
པར་ཚགས།

དེ་ཡང་དགུང་གྲངས་༨༧་ལ་ཕེབས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་Elie Wiesel་མཆོག་འདི་ཟླའི་ཚེས་༢་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་དགོངས་པ་རྫོགས་ཡོད་འདུག
དམ་པ་དེ་ཉིད་Romanian་ཞེས་པའི་ཤར་ཡུ་རོབ་ཀྱི་ཡུལ་གྲུར་འཁྲུངས་ཞིང་། དེ་སྔ་འཇར་མན་འགོ་འཁྲིད་Adolf Hitler་གྱི་དུས་སུ་འཇར་མན་དང་ཨི་སུ་རལ་གྱི་གཙོས་ཡུ་རོབ་ཡུལ་གྲུ་གང་སར། ཇིའུ་མི་རིགས་ཚོར་བསམ་ཡུལ་ལས་འདས་པའི་སྡུག་སྦྱོང་བཏང་བའི་འོག་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་པའི་ཁོངས་སུ། ཁོང་གི་ཕ་མ་གཉིས་ཀྱང་ཁོང་ཆུང་དུས་ནས་སྡུག་སྦྱོང་མནར་གཅོད་འོག་རྐྱེན་ལམ་དུ་ཕྱིན་ཡོད་པ་བཅས་གང་ལྟར་ཁོང་གི་སྐུ་ཚེའི་སྟོད་ལ་ཧ་ཅང་སྡུག་སྦྱོང་ཚད་མེད་མྱོང་དགོས་བྱུང་ཡོད་འདུག
དེ་ནས་རིམ་པས་ཕ་རན་སི་ནས་ཨ་མི་རི་ཀའི་ནང་སློབ་སྦྱོང་གནང་ནས་མཐར་ཇིའུ་མི་རིགས་ཚོའི་དཀའ་སྡུག་མྱོང་བའི་སྐོར་དེབ་མང་པོ་ཞིག་རྩོམ་བྲིས་གནང་བ་དང་། དྲག་གནོན་འོག་མྱོང་མཁན་སྤྱི་དང་ལྷག་པར་དུ་ཇིའུ་མི་རིགས་ཀྱི་འཐབ་རྩོད་གནང་མཁན་ཞིག་ཏུ་གྱུར།
ཕྱི་ལོ་༡༩༨༦་ལོར་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟག་འབུལ་བཞེས་གནང་བ་དང་། དེ་བཞིན་ཨ་མི་རི་ཀའི་གསེར་གྱི་རྟགས་མ་ཡང་བཞེས་ཡོད་པ་བཅས་འཛམ་གླིང་ནང་སྙན་གྲགས་ཅན་ཞིག་ཏུ་འགྱུར་ཡོད་པ་རེད་།
ཁོང་དགོངས་པའི་རྫོགས་པར། ཨ་རིའི་སྲིད་འཛིན་མཆོག་དང་། ཨི་སུ་རལ་གྱི་སྲིད་བློན་རྣམ་གཉིས་ཀྱི་གཙོས་འཛམ་གླིང་གི་དབུ་ཁྲིད་ཚོས་ཐུགས་གསོ་དང་། ཁོང་སྐུ་འཚོ་ཞུགས་སྐབས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་ཞུས་གནང་འདུག
གོང་དུ་ཞུས་པའི་སྐུ་ཞབས་Elie Wiesel་དམ་པ་དེ་སྔ་ཕྱི་ལོ་༢༠༠༧་ལོར་ཨ་རིའི་གྲོས་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བའི་སྐབས་མཉམ་ཞུགས་དང་། ༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གསུང་བཤད་ཀྱང་གནང་ཡོད་པ་དང་། དེ་བཞིན་དེ་སྔ་ཕྱི་ལོ་༢༠༠༥་ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བདེན་པའི་སྒྲོན་མེ་ཞེས་པའི་བྱ་དགའ་ཡང་འབུལ་མྱོང་ཡོད་པ་བཅས་གང་ལྟར་༧གོང་ས་མཆོག་དང་ཐུགས་ཉེ་འདྲིས་ཆེན་པོ་དང་། བོད་དོན་ཐོག་ལའང་ཐུགས་འཁུར་གནང་མཁན་གྱི་མི་སྣ་ཞིག་ཡིན་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎