འབར་ཁམས་ས་འགུལ་ཁྲོད་ཁང་པ་དང་གཞུང་ལམ་མི་ཉུང་བར་གནོད་སྐྱོན་ཐེབས་འདུག

2022.06.10
འབར་ཁམས་ས་འགུལ་ཁྲོད་ཁང་པ་དང་གཞུང་ལམ་མི་ཉུང་བར་གནོད་སྐྱོན་ཐེབས་འདུག འབར་ཁམས་ས་འགུལ་གྱི་གནོད་ཐེབས་ས་ཁུལ། ༠༦།༡༠།༢༠༢༢
བོད་འབྱོར།/RFA

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འདྲ་པར་དང་བཅས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་དྲུག་པའི་ཚེས་༡༠ཉིན་གྱི་ཐོ་རེངས་ཆུ་ཚོད་༡༢དང་སྐར་མ་གསུམ་གྱི་ཐོག་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་དྲུག་དང་ཟབ་ཚད་སྨི་ཁྲི་གཅིག་ཡིན་པའི་ས་འགུལ་རྒྱབ་རྗེས། འབར་ཁམས་ཚོ་བདུན་ཡུལ་ཚོ་གཙོས་ས་གནས་ཁག་ཅིག་གི་ནང་ས་གནས་ཡུལ་མིའི་སྡོད་ཁང་ལ་གཏོར་སྐྱོན་དང་། ཚོ་བདུན་དགོན་པའི་ལྷ་ཁང་རྡིབ་པ། རི་ཉིལ་ནས་གཞུང་ལམ་འགག་པ་སོགས་ཀྱི་གནོད་སྐྱོན་ཐེབས་ཡོད་པ་ས་གནས་ནས་བོད་མི་ཞིག་གིས་འདྲ་པར་དང་བཅས་གནས་ཚུལ་འགྲེལ་བརྗོད་གནང་བྱུང་། ཡིན་ན་ཡང་ད་ལྟའི་ཆར་མི་རྒྱུ་གཉིས་ལ་གོད་ཆག་ག་ཚོད་ཐེབས་ཡོད་མེད་གསལ་བོ་མེད་ཐོག་མི་སྣ་ཤི་རྨས་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ད་དུང་གསལ་བོ་མི་འདུག

Barkham (2).JPG
རྒྱ་ནག་གི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་། ཟླ་དྲུག་པའི་ཚེས་༡༠ཉིན་གྱི་ཐོ་རེངས་ཆུ་ཚོད་༡༢དང་སྐར་མ་གསུམ་གྱི་ཐོག་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་གྲངས་ཆུང་བརྒྱད་དང་། དེའི་རྗེས་སུ་འགུལ་ཚད་རིམ་པ་དྲུག་ཡིན་པའི་ས་འགུལ་རྒྱབ་རྗེས། རྒྱ་ནག་གི་འབྲེལ་ཡོད་ཚན་པས་མྱུར་སྐྱོབ་མི་སྣ་བཏང་ཡོད་པའི་གནས་ཚུལ་ཙམ་ལས། མི་སྣ་ཤི་རྨས་དང་ཁང་པ་གཏོར་སྐྱོན་ཐེབས་ཡོད་མེད་སོགས་གནས་ཚུལ་བཀོད་མི་འདུག

Barkham earthquike 2022 (5).jpg
དེ་སྔ་༢༠༢༡ལོར་མགོ་ལོག་ཁུལ་རྨ་སྟོད་རྫོང་དང་། ༢༠༢༢་ལོར་མཚོ་བྱང་ཁུལ་སེམས་ཉིད་རྒྱ་མདོ་རྫོང་བཅས་སུ་འགུལ་ཚད་རིམ་པ་འདྲ་མིན་གྱི་ས་ཡོམ་རྒྱབ་ཡོད་པ་དང་། མགོ་ལོག་རྨ་སྟོད་ཕྱོགས་སུ་འགུལ་ཚད་རིམ་པ་༧.༤ ཡིན་པའི་ས་ཡོམ་བརྒྱབ་པའི་རྗེས། ས་གནས་ཀྱི་གནས་སྟངས་གང་མཚམས་རིང་ཁ་གསལ་མེད་པར་ལྷག་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་གནས་ཚུལ་ཁ་གསལ་བསྒྲགས་མེད་ཀྱང་། རྗེས་སུ་རྨ་སྟོད་ས་ཡོམ་ཁྲོད་མི་སྣ་ཤི་རྨས་ཀྱི་གྲངས་འབོར་འཕར་བའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎