བོད་རིགས་རང་སྐྱོང་གི་ནང་ཆེན་ཁུལ་དུ་ས་ཡོམ་བརྒྱབ་པ།

ནང་ཆེན་ཁུལ་དུ་ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུང་གསུམ་རྒྱབ་ཡོད་ལུགས་ཨ་མི་རི་ཀའི་ས་ཞིབ་ཞིབ་འཇུག་ལས་ཁང་གིས་གསུངས་འདུག

2011.06.26

༄༅༎རྒྱ་ནག་གི་ས་ཡོམ་འབྲེལ་མཐུད་ལས་ཁང་གིས་བཤད་པར་གཞིགས་ན། ནང་ཆེན་ཁུལ་དུ་ས་ཡོམ་འགུལ་ཚད་༥ དང་གྲངས་ཆུང་༢ རྒྱབ་ཡོད་པའི་གསལ་བསྒྲགས་བྱས་པ་དང༌། ཨ་མི་རི་ཀའི་ས་ཞིབ་ཞིབ་འཇུག་ལས་ཁང་གིས། ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུང་གསུམ་རྒྱབ་ཡོད་པའི་གནས་ཚུལ་གསུངས་ཡོད་པ་རེད། ཤིང་ཧྰ་གསར་ཤོག་ཐོག་ལ། ད་རེས་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་དེ་ནི། ༢༠༡༠ ལོའི་ཕྱི་ཟླ་བཞི་པའི་ནང་ས་ཡོམ་འགུལ་ཚད་༦དང་གྲངས་ཆུང་༩ རྒྱབ་སྟེ་མི་མང་པོ་ཞིག་འདས་སུ་ཕྱིན་པ་དང་མང་པོ་ཞིག་རྨས་སྐྱོན་བྱུང་ཡུལ་གྱི་ཡུས་ཧྲུའུ་ས་གནས་ཀྱི་ནང་ཆེན་ནང་ཡིན་པ་དང༌། ས་ཡོམ་གྱི་གཡོ་འགུལ་ཧ་ཅང་གི་ཤུགས་ཆེན་པོ་བྱུང་ཡོད་ཀྱང་། ད་ལྟའི་ཆར་མི་དང་རྒྱུ་ནོར་ལ་སྐྱོན་ཆག་བྱུང་ཡོད་མེད་གནས་ཚུལ་ཤེས་རྟོག་མེད་ལུགས་དང༌། དེ་རིང་ཉིན་གུང་ས་ཡོམ་འགུལ་ཚད་གསུམ་དང་གྲངས་ཆུང་༡ རྒྱབ་སྟེ་སྐར་མ་བཞི་ཕྱིན་པའི་རྗེས་སུ་འགུལ་ཚད་༥ དང་གྲངས་ཆུང་༢ རྒྱབ་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

ཕྱི་ལོ་༢༠༡༠ ལོར་ཡུས་ཧྲུའི་ཁུལ་དུ་ས་ཡོམ་འགུལ་ཚད་དྲུག་དང་གྲངས་ཆུང་དགུ་རྒྱབ་སྟེ། མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་བྱུང་བའི་ཁར་མི་དམངས་འབུམ་གཅིག་ལྷག་ལ་སྡོད་ཁྱིམ་མེད་པའི་དཀའ་ངལ་དུ་ལྷུངས་ཡོད་ཅིང༌། ད་རེས་ས་ཡོམ་རྒྱབ་ཡུལ་ནང་ཆེན་ས་ཁུལ་དེ་ནི་ཡུས་ཧྲུའུ་ས་གནས་ཀྱི་སྒ་སྐྱེ་རྒུ་མདོ་ནས་ལྷོ་ཕྱོགས་སུ་ཀི་ལོ་མི་ཊར་༡༨༥ མཚམས་སུ་ཡོད་པ་དང༌། ཡུས་ཧྲུའུ་ས་གནས་དེ་ནི་མི་འབོར་སུམ་འབུམ་ལྔ་ཁྲི་ཡིན་པའི་བོད་ཀྱི་ས་ཁུལ་ཡིན་པ་རེད།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎