བལ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་བཅུ་ལོན་པར་དམིཌ།

བལ་ཡུལ་གཞུང་གིས་འབྱུང་འགྱུར་གྱི་ལོ་ངོ་གསུམ་ནང་ཚུད་ཡུལ་གྱི་ཕྱོགས་བསྡོམས་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་བཅུ་ལྷག་ལོན་པའི་དམིགས་ཡུལ།

2008.12.28

༄༅༎བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་འབྱུང་འགྱུུར་གྱི་ལོ་ངོ་གསུམ་ནང་ཚུད་ཡུལ་གྱི་ཕྱོགས་བསྡོམས་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་བཅུ་ལྷག་ལོན་པའི་དམིགས་ཡུལ་བཟུང་ནས་སྔོན་རྩིས་གཏན་འབེབས་གནང་ཡོད་པ་རེད། དཔལ་འབྱོར་བློན་ཆེན་སྦ་སྦུ་རམ་སྦ་ཏ་རའེ་ཡིས་དམིགས་ཚད་མཐོ་དྲགས་པ་དང་འགྲུབ་དཀའ་བ་ཡིན་པར་འགྲེལ་བརྗོད་གནང་མཁན་རིགས་ཤིག་ཡོད་ཅིང་དེའི་རྒྱུ་མཚན་ནི་འདས་པའི་ལོ་ངོ་བཅུ་ཕྲག་བརྒལ་བའི་རིང་བལ་ཡུལ་གྱི་ཕྱོགས་བསྡོམས་དཔལ་འབྱོར་ཐོན་སྐྱེད་བརྒྱ་ཆ་གཉིས་ལྷག་བརྒལ་མྱོང་མེད་པ་རེད། ལྷག་པར་དུ་བལ་ཡུལ་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་ཐུབ་མེད་ཅིང་ཕྱོགས་མཚུངས་བལ་ཡུལ་ནས་བཟོ་སྐྲུན་བྱས་པའི་དངོས་ཟོག་རྣམས་འཛམ་གླིང་གི་ཡུལ་གྲུ་གཞན་ཁག་ནས་བཟོ་སྐྲུན་བྱས་པའི་དངོས་ཟོག་དང་སྤུས་ཚད་མཉམ་པ་ཡོང་ཐུབ་ཀྱི་མེད་པ་རེད། འོན་ཀྱང་བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ་དངོས་ཟོག་རྒྱ་ཆེ་ཕྱིར་བཙོང་ཐུབ་པ་དང་ཡུལ་ནང་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་ལྟར་བལ་ཡུལ་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་འཛུགས་སྐྲུན་ཐུབ་ན་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུའི་ནུས་པ་ལྡན་ཡོད་པ་རེད། བལ་ཡུལ་གྱི་རྒྱལ་ཡོངས་དཔལ་འབྱོར་འཆར་འགོད་སྡེ་ཚན་ཟུར་འཛུགས་ཡོད་པ་ནས་གཞུང་གི་ལམ་སྟོན་གཞིར་བཟུང་འཆར་འགོད་གནང་དགོས་པ་དེ་ལྟར་ཡང་བལ་ཡུལ་གྱི་འཆར་འགོད་ཚོགས་ཆར་གི་ཚོགས་མི་འོས་འདེམས་བསྐོ་གནང་བའི་ཁོངས་སུ་ཚོགས་མི་མང་པོར་ཤེས་འབྱོན་དང་ཉམས་མྱོང་གི་ཆ་རྐྱེན་འཛོམས་མེད་པའི་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎