ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ལོ་གསར་པའི་སྲིད་ཇུས།

ལྷོ་ཀོ་རི་ཡའི་སྲིད་འཛིན་མཆོག་གིས་ཀོ་རི་ཡ་ལྷོ་བྱང་གཉིས་དབར་གྲོས་མོལ་གནང་རྒྱུར་སྒོ་མོ་མུ་མཐུད་ཕྱེས་གནང་ཡོད་སྐོར་གསུངས་བཞག

2011.01.03

༄༅༎ཀོ་རི་ཡའི་ཕྱེད་གླིང་ནང་གནས་སྟངས་དངངས་འཚབ་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་། དེ་རིང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མང་སྦཀ་མཆོག་གིས་ཀོ་རི་ཡ་ལྷོ་བྱང་གཉིས་དབར་གྲོས་མོལ་གནང་རྒྱུར་སྒོ་མོ་མུ་མཐུད་ཕྱེས་གནང་ཡོད་སྐོར་གསུངས་བཞག

ལྷོ་ཀོ་རི་ཡའི་སྲིད་འཛིན་མཆོག་གི་ལོ་གསར་པའི་སྲིད་བྱུས་ཁྱབ་བསྒྲགས་ཀྱི་གསུང་བཤད་ནང༌། བྱང་ཀོ་རི་ཡའི་གཞུང་ལ་དམག་དོན་འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་དགོས་པའི་རེ་བསྐུལ་གནང་བ་དང་ཆབས་ཅིག། བྱང་ངོས་ནས་ལྷོ་ཀོ་རི་ཡའི་མངའ་ཁུལ་ལ་ཉེན་ཁ་བཟོས་པ་ཡིན་ན་དེར་འཕྲལ་དུ་རྒོལ་ལན་ཚ་པོ་སློག་རྒྱུའི་དམ་བཅའ་བཞག་གནང་འདུག

ཉེ་ལམ་ལོ་རྙིང་པའི་ཟླ་བ་༡༡པའི་ནང་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་མཐའ་མཚམས་མཚོ་གླིང་ཐོག་མེ་འཕེན་བྱས་ནས་མི་གྲངས་༤ལ་སྲོག་སྐྱོན་བཏང་བའི་དོན་རྐྱེན་གྱིས་ཀོ་རི་ཡ་ལྷོ་བྱང་གཉིས་དབར་གྱི་འབྲེལ་བར་དོ་ཕོག་ཆེན་པོ་ཐེབ་ཡོད་པ་དང༌། རྗེས་སུ་ཕྱི་ཟླ་༡༢པའི་ནང་ལྷོ་ཀོ་རི་ཡས་ བྱང་གི་གཏོར་རྒོལ་ཕོག་སའི་གླིང་ཕྲན་དེའི་ཐོག་དངོས་སུ་མེ་འཕེན་བྱེད་པའི་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་རེད།

ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མང་སྦཀ་མཆོག་གིས་བྱང་ཀོ་རི་ཡའི་ངོས་ནས་ལྷག་བསམ་རྣམ་དག་བྱས་པ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག་ཀོ་རི་ཡ་ལྷོ་བྱང་གཉིས་དབར་དཔལ་འབྱོར་གྱི་གཞུ་ཡུལ་ཐད་མཉམ་འབྲེལ་གནང་རྒྱུའི་འདོད་པ་དང་འཆར་གཞི་གཉིས་ཀ་ཡོད་ཅེས་གསུངས་ཏེ། བྱང་ཀོ་རི་ཡས་དྲག་པོའི་སྡིག་ར་སྐུལ་ནས་ལས་དོན་གང་ཡང་འགྲུབ་ཐུབ་ཀྱི་མེད་པ་དེ་གསལ་པོ་ཤེས་རྟོགས་ཐུབ་པའི་ཐོག་ནས་རྡུལ་ཕྲན་གོ་ཚོན་དང་དམག་དོན་གྱི་སྡིག་ར་སྐུལ་བའི་བྱ་སྤྱོད་རིགས་མཚམས་འཇོག་བྱ་དགོས་རྒྱུ་ཡིན་སྐོར་གསུངས་བཞག།

བྱང་ཀོ་རི་ཡས་༢༠༡༡ལོར་ཀོ་རི་ཡ་ལྷོ་བྱང་གཉིས་དབར་འབྲེལ་བ་བཟང་དུ་གཏོང་དགོས་རྒྱུའི་འབོད་སྐུལ་བྱས་པའི་ཉིན་འགའ་ཤས་རྗེས་། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་དེ་རིང་རེས་གཟའ་ཟླ་བའི་ཉིན་གྱི་བཀའ་མོལ་དེ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎