ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་(Dianne Feinstein)ལགས་མ་འོངས་འོས་བསྡུའི་འགྲན་རྩོད་ནང་ཞུགས་རྒྱུ་མིན་པ་བསྒྲགས་འདུག

2023.02.15
ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་(Dianne Feinstein)ལགས་མ་འོངས་འོས་བསྡུའི་འགྲན་རྩོད་ནང་ཞུགས་རྒྱུ་མིན་པ་བསྒྲགས་འདུག ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་(Dianne Feinstein)་ལགས། ༢༠༢༠
AP

དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་རྒན་གྲས་བོད་དོན་རྒྱབ་སྐྱོར་བ་ལྕམ་(Dianne Feinstein)ལགས་ཀྱིས། འདི་ཚེས་༡༤གཟའ་མིག་དམར་ཉིན་གསར་འགོད་གསལ་བསྒྲགས་སྤེལ་གནང་བའི་ནང་། ཁོང་འཆར་ལོ་༢༠༢༤ ལོར་སླར་ཡང་འོས་བསྡུའི་འགྲན་རྩོད་ནང་ཞུགས་རྒྱུ་མིན་ལུགས་གསུངས་ཡོད་པ་དང་། ཆབས་ཅིག་ད་ལྟའི་ཆར་ཁོང་གི་ཚབ་སུར་འོས་མིན་རྒྱབ་སྐྱོར་ངོ་སྤྲོད་གནང་མེད་ཀྱང་གང་མགྱོགས་མིང་འདོན་གནང་གི་ཡིན་ཞེས་བཀོད་ཡོད་པ་རེད། ལྷག་པར་དུ་ཁོང་གིས་ཉིན་དེར་ཕྱག་སྦྲེལ་རྣམ་དང་ལྷན་དུ་ཉིན་གུང་གསོལ་ཚིགས་སྐབས། གནད་དོན་དེའི་སྐོར་གླེང་སློང་གནང་བའི་སྐབས། གྲོས་ཚོགས་འཐུས་མི་མང་པོས་ཁོང་གིས་འདས་པའི་ལོ་ངོ་མང་པོའི་རིང་བློ་ཁོག་ཆེན་པོས་དྲང་བདེན་གྱི་ཐོག་ནས་ཐག་ཆོད་དང་། ཕྱག་ལས་གནང་བའི་མཛད་རྗེས་ལ་བསྔགས་བརྗོད་ཞུས་ཡོད་འདུག ལྷག་པར་དུ་སྲིད་འཛིན་(Biden)མཆོག་གིས། ཁོང་གི་ལས་ཡུན་རིང་མང་ཚོགས་ཀྱི་བདེ་དོན་ལ་ཐུགས་འཁུར་ཆེ་བཞེས་ཀྱི་ཕྱག་ལས་གནང་ཡོད་པར་བསྔགས་བརྗོད་གནང་ཡོད་པ་རེད།
ལྕམ་(Dianne Feinstein)ལགས་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐེངས་མང་མཇལ་ཡོད་པ་དང་བོད་དོན་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཡིན། སྤྱི་ལོ་༢༠༢༢ཟླ་༩པའི་ཚེས་༣༠ཉིན་ཨ་རིའི་གཞུང་གིས་བོད་དོན་སྲིད་ཇུས་ཁྲིམས་གཞི་གཏན་འབེབས་གནང་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཉིན་མོར། ལྕམ་(Dianne Feinstein)ལགས་ཀྱིས་གསུང་འཕྲིན་གནང་ནས། ཁོང་མོ་ཨ་རིའི་བོད་དོན་གྱི་སྲིད་བྱུས་ཐོག་མ་གཏན་འབེབས་གནང་ནས་ལོ་༢༠འཁོར་བའི་དུས་དྲན་ཐོག་མཉམ་ཞུགས་གནང་གི་ཡོད། ངོས་ནི་བོད་དོན་གྱི་ཁྲིམས་གཞི་དེ་ཐོག་མ་ཨ་རིའི་གྲོས་ཚོགས་གོང་མའི་ནང་བཏོན་སྐབས་རྒྱབ་སྐྱོར་ཞུ་མི་གཙོ་བོ་དེ་ཡིན་པར་དགའ་སྤོབས་ཡོད། བོད་དོན་ནི་ངའི་སེམས་ཀྱི་དཀྱིལ་དུ་ཡོད་པ་མ་ཟད། ངོས་ཀྱི་བཟའ་ཟླ་དམ་པ་(Richard Blum)ལགས་སུ་སེམས་ཚོར་ཆེ་བའི་གནད་དོན་ཞིག་ཀྱང་ཡིན་པ་སོགས་གསུང་ཡོད། ཁོང་གི་སྐུ་ཟླ་དམ་པའི་ཚོགས་པ་བརྒྱུད་ནས་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོར་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་མྱོང་མཁན་ཞིག་ཀྱང་ཡིན་པ་རེད།
ལྕམ་(Dianne Feinstein)ད་ལྟ་དགུང་གྲངས་༨༩ལ་ཕེབས་ཀྱི་ཡོད་པ་དང་། ཁོང་ཕྱི་ལོ་༡༩༩༢ལོར་གྲོས་ཚོགས་ཀྱི་འཐུས་མིར་གྱུར་པ་ནས་བཟུང་། ཁོང་རང་ཉིད་ཀྱི་མངའ་སྡེ་ཙམ་མ་ཡིན་པར་ཨ་རིའི་མི་མང་གི་བདེ་དོན་ཆེད་གྲོས་ཆོད་གལ་གནད་ཆེ་བ་དཔེར་ན། ཉེན་ཚབས་ཆེ་བའི་མེ་མདའ་ཉར་ཚགས་བྱེད་རྒྱུ་ཁྲིམས་འགལ་ཆགས་རྒྱུའི་ཁྲིམས་གཞི་ལ་སོགས་པའི་ཐོག་ཐག་ཆོད་གནང་རྒྱུ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལའང་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎