བཞུགས་སྒར་དུ་བཀའ་སྤྱིའི་འོས་བསྡུའི་གལ་གནད་སྐོར་བགྲོ་གླེང༌།

བཞུགས་སྒར་དུ་བོད་མིའི་མང་གཙོའི་འཕེལ་རིམ་དང་བཀའ་སྤྱིའི་འོས་བསྡུའི་གལ་གནད་སྐོར་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པ་རེད་

2010.07.30

༄༅༎བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གིས་གོ་སྒྲིག་འོག་བོད་མིིིའི་མང་གཙོའི་འཕེལ་རིམ་དང་བཀའ་སྤྱིའི་འོས་བསྡུའི་གལ་གནད་སྐོར་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པ་རེད་

དེ་ཡང་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་དོན་ལྟར་ན་ ཕྱི་ཟླ་བདུན་པའི་ཚེས་༢༨ཉིན་གྱི་ཕྱི་དྲོ་ཚོུད་༥༣༠ཐོགབཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་ཐུས་ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང་དབུས་འོས་བསྡུའི་འགན་འཛིན་གཅིག་ལྕོགས་འཇམ་དཔལ་ཆོས་བཟང་ལགས་དབུས་པའི་བོད་མི་མང་སྤྱི་འཐུས་དང་གཞོན་ནུ་ བེུད་ སློབ་ཕྲུག དེ་བཞིན་ཉེ་འཁོར་གྱི་དོ་སྣང་ཅན་གྱི་གཞོན་སྐྱེས་འགའ་བཅས་མི་གྲངས་༧༠བརྒལ་བ་ལྷན་འཛོམས་གནང་ཡོད་པ་དང་ དེའི་ཐོག་བཀའ་བློན་ཁྲི་པ་མཆོག་དང་སྤྱི་འཐུས་ཚོགས་གཙོ་ དབུས་འོས་བསྡུའི་འགན་འཛིན་ཁག་སོ་སོར་བཀའ་བློན་ཁྲི་པ་དང་ སྤྱི་འཐུས་ཇི་ཙམ་གྱི་གལ་གནད་ཆེན་པོ་དང་ བཀའ་བློན་ཁྲི་པ་དང་ སྤྱི་འཐུས་འོས་གཞིར་རྩ་ཁྲིམས་ནང་དོན་ལྟར་ འོས་ཆོས་ཇི་འདྲ་དགོས་ཀྱི་ཡོད་མིན་སོགས་ཀྱི་དྲི་བ་དྲི་ལན་གནང་བ་མ་ཟད་ མང་ཚོགས་ཀྱི་བསམ་ཚུལ་དང་དྲི་བ་ཁག་ལའང་ལན་འདེབས་ལྷུག་པོ་གནང་རྗེས་བགྲོ་གླེང་མཛད་གཙོ་རྣམ་པ་གསུམ་གྱིས་མཇུག་སྡོམ་གསུང་བཤད་རེ་གནང་བའི་སྙི་དོན་ཐོག་མར་དབུས་འོས་བསྡུའི་འགན་འཛིན་ནས་གསུང་ན་ མང་ཚོགས་ཀྱི་ངོས་ནས་བཀའ་བློན་ཁྲི་པ་འདེམས་བསྐོ་གལ་ཆེན་བརྩིས་པ་ལྟར་སྤྱི་འཐུས་མཁེན་ཡོན་ལྡན་པ་ངེས་པར་དུ་སླེབས་ཐུབ་པའི་འབོད་སྐུལ་གནང་ཡོད་པ་དང་ དེ་བཞིན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་འོས་བསྡུའི་ལས་རིམ་དེ་མི་གཞན་གྱི་གནོན་ཤུགས་དང་རྒྱུད་སྐུལ་མ་ཡིན་པར་སོ་སོས་བསམ་བློ་བཏང་ནས་ཐག་གཅོད་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུང་འདུག

དེ་མིན་སྤྱི་འཐུས་ཚོགས་གཙོས་གསུང་ན་ སྤྱི་ཚོགས་ནང་འོས་བསྡུའི་ཐག་བགྲོ་གླེང་མང་པོ་ཡོང་བཞིན་ཡོད་པ་རེད་ སོ་སོ་རང་གི་སུ་ལ་འོས་བླུགས་རྒྱུའི་མི་དེའི་ལོ་རྒྱུས་ཤེས་པའི་ཐོག་མི་རེ་ངོ་རེ་ནས་མི་འདི་བླུགས་བསམ་པའི་ངེས་ཤེས་རྙེད་པ་དགོས་ཀྱི་འདུག་ཅེས་གསུང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎