བཞུགས་སྒར་དུ་༸གོང་ས་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་པ།

༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་བསྐྱངས་རྗེས་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས་ཕེབས་བསུ་ཟབ་རྒྱས་ཞུས་པ།

2009.09.14

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་ཁུལ་ཁག་དང་ཐའེ་ལྦན་ ཡུ་རོབ་ཀྱི་རྒྱལ་ཁབ་གཉིས་ནང་མཛད་འཕྲིན་བསྐྱངས་རྗེས་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད། དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་གཞིགས་ན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་བཅུ་གསུམ་ཉིན་རྒྱབ་ཏུ་བཞུགས་སྒར་ཉེ་འཁྲིས་གྷ་གལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་པ་དང་གནམ་ཐང་གི་ཕྱིའི་ཕེབས་སྒོར་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་བདེ་དོན་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པས་ཕེབས་བསུ་ཞུས་ཡོད་པ་རེད། ༸གོང་ས་མཆོག་གནམ་ཐང་ནས་ཕོ་བྲང་དུ་ཕེབས་ལམ་དུ་བོད་གཞུང་དང་བཞུགས་སྒར་དུ་གནས་འཁོད་བོད་མི་རྣམས་ཀྱིས་ཕེབས་ལམ་དུ་བོད་གཞུང་དང་བཞུགས་སྒར་དུ་གནས་འཁོད་བོད་མི་རྣམས་ཀྱིས་ཕེབས་སྒོ་གྲངས་བདུན་གྲ་སྒྲིག་གནང་ཡོད་པ་ལྟར་ས་གནས་སོ་སོར་བོདམི་རྣམས་ཀྱི་བཀྲིས་ཞོལ་པའི་མཆོད་སྤྲིན་དང་གྲོ་སོ་ཕྱེ་མར་འདེགས་འབུལ་སོགས་གནང་ཡོད་པ་རེད། ཕོ་བྲང་གི་གཟིམ་སྒོའི་ནང་ཁྲིམས་ཞིབ་པ་ཆེ་བས་དབུས་པའི་ཁྲིམས་ཞིབ་པ་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་སྤྱི་འཐུས་རྣམ་པ་དང་བཀའ་བློན་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ ལས་ཁུངས་ཁག་གི་དྲུང་ཆེ་ཆུང་རྣམ་གྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎