ས་གནས་ཡུལ་མི་ནས་བོད་དོན་དོ་སྣང་དགོས།
2016.08.23

༄༅༎ཕྱི་ཟླ་༨ཚེས་༢༢རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་སྐབས་༡༦པའི་སྤྱི་འཐུས་ཚོགས་གཙོ་སྐུ་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ལས་རིམ་འགན་འཛིན་པ་Sunil Sharma དང་Sunami Times ཞེས་པའི་ཟླ་རེའི་གསར་འགྱུར་དུས་དེབ་སྤྱི་ཁྱབ་རྩོམ་སྒྲིག་པ་ལྕམ་ Nisha Katoch རྣམ་གཉིས་ཀྱིས་དེང་དུས་བོད་ཀྱི་གནས་བབ་ཀྱི་སྐོར་དྲི་བ་དྲིས་ལན་ཞུས་ཡོད་པ་རེད།
སྤྱི་འཐུས་ཚོགས་གཙོ་སྐུ་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ད་ཕན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་འདི་རྒྱ་གར་གཞུང་གི་གཟིགས་སྐྱོང་འོག་འདས་པའི་ལོ་ངོ་ཧྲིལ་པོ་༥༧་ཙམ་སོང་ཡོད་པས་ང་ཚོ་བཙན་བྱོལ་བོད་མིའི་གནས་སྟངས་ཇི་ཡིན་རྒྱ་གར་སྤྱི་ཚོགས་དང་ཧི་མ་ལ་ཡའི་མངའ་ཁུལ་གྱི་རྒྱ་གར་གྱི་གཅེན་གཅུང་ཚོས་ཤེས་པར་བཟོ་རྒྱུ་དེའང་གལ་ཆེའི་རང་བཞིན་ཞིག་ཡིན་པ་དང། ལྷག་དོན་དུ་བཞུགས་སྒར་རྡ་རམ་ས་ལ་དང་ཧི་མ་ལ་ཡའི་མངའ་ཁུལ་དུ་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་མཁན་མང་པོ་ཡོད་སྟབས་ས་གནས་མི་མང་གིས་གང་ཅིའི་གནས་སྟངས་མཁྱེན་ཆུབ་ཐུབ་པ་ཡིན་ན་དགེ་མཚན་ཡོད་ལུགས་ཀྱང་གསུངས་ཡོད་པ་རེད།།གསར་འགོད་པ་ཕྲེང་རིང་བསྟན་ནོར།