ས་གནས་རྒྱུན་ལས་འཕོ་འགྱུར།
2013.06.09
༄༅༎ཕྱི་ཟླ་༦ཚེས་༨རེས་གཟའི་སྤེན་པའི་ཉིན་ཨ་མེ་རི་ཀའི་རྒྱལ་སའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུ་ལས་འཕོ་འགྱུར་ཕྱིན་འདུག
ཨ་རིའི་རྒྱལ་སའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་འཕོ་འགྱུར་གྱི་མཛད་སྒོའི་ཐོག་རྒྱུན་ལས་རྙིང་པའི་ཚོགས་གཙོ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་འདས་པའི་སྐབས་གཉིས་ཀྱི་ལས་རྒྱུན་རིང་གི་ལས་དོན་དང་ཉམས་མྱོང་སྐོར་འགྲེལ་བརྗོད་དང་ཆབས་ཅིག་རྒྱུན་ལས་གསར་པ་རྣམ་པའི་ལས་དོན་ཚགས་ཚུད་ཡོང་བའི་རེ་བ་ཆེན་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས་རྒྱུན་ལས་གསར་པ་ཚོར་སྐུ་མགྲོན་གཙོ་བོ་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་མཆོག་གིས་མཇལ་དར་ཕུལ་གནང་འདུག ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཀྱང་རྒྱུན་ལས་གསར་རྙིང་ལ་མཇལ་དར་ཕུལ་གནང་འདུག རྒྱུན་ལས་གསར་པ་རྣམས་ནི། གཙོ་གཙོ་ཕུར་ཚོགས་དར་རྒྱས། ཚོགས་གཞོན་འབྲུག་བྱམས་ཆུ་རླུང༌། དྲུང་ཆེ་ ཡེ་ཤེས་དཔལ་མོ་དང་དེ་མིན་གཞན་རྣམས་ནི་བསྟན་འཛིན་སྒྲོལ་དཀར། མི་འགྱུར་རྡོ་རྗེ། ཤའོ་ཀི་ཨམ་མདོ་ དང་བསྟན་འཛིན་དགོན་གསར་བཅས་ཡིན་འདུག། ཚོགས་གཙོ་ཕུན་ཚོགས་དར་རྒྱས་ལགས་ཀྱིས་རྒྱུན་ལས་རྙིང་པ་རྣམས་ཀྱི་ཕྱག་ལས་ལ་བསྔགས་བརྗོད་དང་ཚོགས་མི་རྣམ་པས་རྒྱུན་ལས་གསར་པ་ཚོར་མཐུན་འགྱུར་གང་ཡོང་གནང་བའི་འབོད་བསྐུལ་ནན་པོ་ཞུས་གནང་འདུག། ཁོང་གིས་བར་ལམ་ནས་བོད་མིའི་སྤྱི་ཚོགས་ནང་གཞོན་ལྷན་གྱི་ལྟ་བ་དང་ལངས་ཕྱོགས་སྐོར་གླེང་སློང་ཡོད་པའི་ཐད་ད་ལམ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥འི་ཐོག་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གསལ་པོ་གནང་ཡོད་པ་དེར་ཚང་མས་ཐུགས་ཞིབ་གནང་དགོས་པའི་སྐུལ་དེད་ཞུས་གནང་འདུག། སྐུ་མགོན་གཙོ་བོ་བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་མཆོག་གིས་གཞོན་ལྷན་གྱི་ལྟ་བ་དང་ལངས་ཕྱོགས་ཇི་ཡིན་བསྐྱར་བརྗོད་མི་དགོས་པ་རེད། ཚང་མས་ཧུར་ཐག་གནང་དགོས་པ་ལྟར་གནང་བཞིན་པ་རེད། འོན་ཀྱང་བོད་མིའི་འདུ་འཛོམས་ཆེ་ཆུང་ཇི་འདྲ་ཞིག་ཡིན་རུང་དུས་ཐོག་འཛོམས་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཡོད་པ་དེས་བོད་མི་མཐོང་ཆུང་བྱེད་གཞིར་གྱུར་ཉེན་ཡོད་པས་ཚང་སམ་བསམ་ཤེས་ཀྱིས་སླད་ཕྱིན་ཆད་ནས་ཚོགས་འདུ་དུས་ཐོག་གནང་དགོས་པའི་སྐུལ་དེད་ནན་པོ་གནང་འདུག།