ང་ཚོས་སའི་གོ་ལར་བདག་སྐྱོང་བྱེད་པ་ནི་རང་གི་ཁྱིམ་ལ་བདག་སྐྱོང་བྱས་བ་ཡིན། ༧གོང་མཆོག་གིས།

2024.06.05
ང་ཚོས་སའི་གོ་ལར་བདག་སྐྱོང་བྱེད་པ་ནི་རང་གི་ཁྱིམ་ལ་བདག་སྐྱོང་བྱས་བ་ཡིན། ༧གོང་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
སྒྲིག་བཟོ། / OHHDL

ལོ་ལྟར་སྤྱི་ཟླ་དྲུག་པའི་ཚེས་ལྔ་ཉིན་འཛམ་གླིང་ཁོར་ཡུག་གི་ཉིན་མོར་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཉིན་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས། ང་ཚོས་ངེས་པར་དུ་རང་གི་ཁྱིམ་ལྟར་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ང་ཚོར་ཉི་མའི་འོད་དང་རླུང་གི་ནུས་ཤུགས་ཡོད་པ་དེ་དག་བེད་སྤྱོད་གཏོང་གི་ཡོད་ཀྱང་། ད་ལྟ་སྔར་ལས་ལྷག་པའི་འབད་བརྩོན་བྱེད་དགོས་ཞེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས་ངོ་དེབ་བརྒྱུད་གསུངས་འཕྲིན་སྩལ་འདུག
ད་དུང་གསུངས་འཕྲིན་ནང་། འགྲོ་བ་མིའི་རིགས་འཕེལ་འགྱུར་བྱུང་བ་དང་བསྟུན་ནས། ང་ཚོས་ཡོད་ཚད་ཐམས་ཅད་ཡིད་རང་མེད་པར་སྣང་མེད་གཏོང་གི་ཡོད་པ་དང་། བསམ་བློ་མ་བཏང་བར་རང་བྱུང་ཁམས་ཀྱི་ཐོན་ཁུངས་བེད་སྤྱོད་བྱས་ཡོད་པས། ད་ཆ་ངེས་པར་དུ་རང་བྱུང་ཁམས་ཀྱི་ཐོན་ཁུངས་བེད་སྤྱོད་བྱེད་སྟངས་མི་འདྲ་བ་ཞིག་གི་ཐོག་ནས་སློབ་སྦྱོང་བྱེད་དགོས། མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་ནང་དུ་ཐོག་མར་བོད་དང་། དེ་ནས་རྒྱ་གར་རྡ་རམ་ས་ལ་རུ་ཁ་བ་འབབ་རྒྱུ་ཇེ་ཉུང་དུ་སོང་བ་དངོས་སུ་མཐོང་པ་དང་། ཚན་རིག་པ་འགའ་ཤས་ཀྱིས་མགོན་པོ་གང་ཉིད་ལ་བོད་ལྟ་བུའི་ས་ཆ་རྣམས་མཐའ་མར་བྱེ་ཐང་དུ་འགྱུར་ཉེན་ཡོད་པ་གསུངས་བྱུང་ཞེས་དང་། རྒྱུ་མཚན་དེའི་ཕྱིར་མགོན་པོ་གང་ཉིད་ཀྱིས་བོད་དང་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་སྐད་ཆ་ཤོད་བཞིན་ཡོད་པ་དང་། འཛམ་གླིང་ཁོར་ཡུག་གི་ཉིན་མོར་ང་ཚོས་སའི་གོ་ལར་བདག་སྐྱོང་བྱེད་པ་ནི་ང་ཚོས་རང་གི་ཁྱིམ་ལ་བདག་སྐྱོང་བྱས་བ་ཡིན་པ་དྲན་དགོས་བའི་སྐུལ་མ་མཛད་འདུག
ཕྱི་ཚེས་༥་ཉིན། བཞུགས་སྒར་རྡ་རམ་སཱ་ལ་གཙོས་ས་གནས་གང་སར་འཛམ་གླིང་ཁོར་ཡུག་གི་ཉིན་མོ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གནང་འདུག


གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎