ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཕེབས་རྒྱུ་ནི་བཟང་ཕྱོཊ་ཀྱི་མདུན་བསྐྱོད་རེད།


2014.05.31
རྒྱ་ནག་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཕེབས་རྒྱུ་ནི་གོམ་པ་མདུན་བསྐྱོད་རེད། རྒྱ་ནག་ཕྱི་སྲིད་བློན་ཝང་ཡིས།
བི་ཀི་པི་ཌི་ཡ།

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཕེབས་རྒྱུ་དེ་ནི་བཟང་ཕྱོགས་སུ་གོམ་པ་མདུན་སྤོས་ཤིག་ཡིན་པའི་སྐོར་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡི་ནང་མཛད་འཕྲིན་བསྐྱོང་བཞིན་པ་དང༌། གསར་འགོད་པས་རིང་མིན་ཕྱི་ཟླ་དྲུག་པའི་ཚེས་༨ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་ནང་གཞུང་དོན་ཕེབས་འཆར་ཡོད་པའི་གནད་དོན་དང་འབྲེལ་བའི་སྐོར་༸གོང་ས་མཆོག་གི་དགོངས་གཞི་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་ནས་རྒྱ་གར་དང་རྒྱ་ནག་གཉིས་ནི་མི་འབོར་མང་ཤོས་དང་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་ཨེ་ཤི་ཡའི་སྟོབས་ཆེན་ཡུལ་གྲུ་ཡིན་པ་དང་།  ཡུལ་གྲུ་དེ་གཉིས་དབར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་ཡང་ནས་ཡང་དུ་བཀའ་གནང་གི་ཡོད་ཅིང་། ད་རེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་གྱི་སྲིད་བློན་གསར་པ་ན་རེན་ད་ར་ མོ་ལྡི་ ལྷན་དུ་མཇལ་འཕྲད་ཆེད་རྒྱ་གར་དུ་ཕེབས་རྒྱུ་དེ་ནི་བཟང་ཕྱོགས་སུ་གོམ་པ་མདུན་སྤོས་ཀྱི་རྣམ་པ་ཞིག་ཡིན་པས། དེ་ཡག་པོ་རེད་ཅེས་བཀའ་བསྩལ་འདུག    རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་རྒྱ་ནག་གཞུང་གིས་དམིགས་བསལ་སྐུ་ཚབ་ཀྱི་མིང་ཐོག་ནས་རྒྱ་གར་ནང་ཕེབས་ཀྱི་ཡོད་པ་དང་། དེའི་རིང་རྒྱ་གར་གྱི་སྲིད་བློན་གསར་པ་སྐུ་ཞབས་ན་རེན་ད་ར་མོ་ལྡི་ མཆོག་དང་། དེ་མིན་ཕྱི་འབྲེལ་དཔོན་རིགས་ཁག་ཅིག་ཡང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད༎

 

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎