༸གོང་ས་མཆོག་གི་མཛད་འཕྲིན་ལ་རྒྱ་གར་གྱིས་བཀོད་སྒྲིག་མེད།

༸གོང་ས་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་རྒྱ་གར་གཞུང་གིས་བཀོད་སྒྲིག་གནང་གི་མེད་སྐོར་རྒྱ་གར་གཞུང་གིས་མཛུབ་སྟོན་གནང་འདུག

2009.11.09

༄༅༎རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཕེབས་དོན་ནི་རྒྱ་གར་གཞུང་གིས་གནོན་ཤུགས་ལ་བརྟེན་ནས་ཡིན་ལུགས་བཤད་པའི་གནས་ཚུལ་ཐོན་པ་དེར་དེ་རིང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཤ་ཤི་ཐ་རུར་མཆོག་གིས་ངོས་ལེན་མ་གནང་བ་མ་ཟད་༸གོང་ས་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་རྒྱ་གར་གཞུང་གིས་བཀོད་སྒྲིག་གནང་གི་མེད་སྐོར་མཛུབ་སྟོན་ཡང་གནང་འདུག

རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་རྟེན་གཞི་བྱས་པའི་གོལོ་སྦལ་ཀྲའེམ་སེ་ཞེས་པའི་གསར་ཤོག་གིས་༸གོང་ས་མཆོག་བོད་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་པ་དེ་ནི་རྒྱ་གར་གྱིས་གནོན་ཤུགས་ལ་བརྟེན་ནས་ཡིན་སྲིད་པའི་སྐོར་རྒྱ་མིའི་ཉམས་ཞིབ་པ་ཞིག་གིས་བརྗོད་པ་ལུང་དྲངས་བྱས་ཀྱང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་གཞོན་ཤ་ཤི་ཐ་རུར་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཆིབས་བསྒྱུར་གནང་ན་ཡང་གནང་ཆོག་པའི་རང་དབང་ཡོད་རེད། ང་ཚོས་ཁུལ་དེར་ཕེབས་དགོས་པའི་ལམ་སྟོན་ཕུལ་བའི་སྐོར་ངས་གོ་ཐོས་མ་བྱུང་ལ་ང་ཚོས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཀྱི་ཆིབས་བསྒྱུར་མཛད་འཕྲིན་ཁག་བཀོད་སྒྲིག་ཡང་བྱེད་ཀྱི་མེད་ ཁོང་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་གནང་དོན་ནི་ཁུལ་དེའི་མི་མང་རྣམས་ལ་ཆོས་འབྲེལ་གནང་ཕྱིར་ཆིབས་བསྒྱུར་གནང་བ་རེད་ཅེས་རྒྱ་གར་བློན་ཆེན་གཞོན་པས་དེ་རིང་རྒྱལ་ས་ལྡི་ལི་གསར་པའི་ནང་དཔལ་འབྱོར་གྱི་ཆེས་མཐོའི་ཚོགས་ཆེན་ཞིག་ཐོག་བཀའ་གནང་འདུག ཡང་ཁོང་གིས་ད་བར་རྒྱ་གར་གཞུང་གིས་སྙིང་རྗེ་ཆེན་པོའི་སྒོ་ནས་རྒྱ་མིའི་ཚོང་པ་༥༨༠༠༠ལྷག་ལ་ཐོངས་མཆན་ལག་འཁྱེར་གནང་སྐོར་དང་རྒྱ་གར་གྱི་གཞི་རྩའི་སྲིད་ཇུས་ནི་རྒྱ་གར་ནང་རྒྱ་གར་བ་ཞིག་གིས་བྱེད་ཐུབ་པའི་ལས་ཀ་དེ་ཕྱི་མི་ཞིག་ལ་སྤྲོད་རྒྱུ་ཐེ་ཚོམ་བྱེད་ཀྱི་ཡོད་ལུགས་ཀྱང་གསུངས་འདུག དེང་སྐབས་རྒྱ་གར་གཞུང་གིས་ཡུལ་དེའི་ནང་ལས་ཀ་སྤྲོད་སྟངས་དང་ཕྱི་མིར་ཐོངས་མཆན་ལག་ཁྱེར་སྤྲོད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་བསྐྱར་ཞིབ་གནང་གི་ཡོད་སྟབས་རྒྱ་གར་ནང་ལས་ཀ་བྱེད་མཁན་ཕྱི་མི་ཚང་མས་འདི་ཟླའི་ཚེས་སུམ་ཅུ་སོ་གཅིག་ནང་ཚུད་ལ་རང་གི་ཐོངས་ཆན་ལག་ཁྱེར་ཚང་མ་ཕྱིར་ལོག་དགོས་པའི་འབོད་སྐུལ་གནང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎