༸གོང་ས་མཆོག་གི་སྲུང་སྐྱོབ་དམ་བསྒྲགས་ཆེ་རུ་བཏང་ཡོད་འདུག

༸གོང་ས་མཆོག་གི་སྐུ་ཕྱར་ཉེན་ཁ་ཡོད་པའི་གསང་བའི་སྙན་ཐོ་འབྱོར་བའི་རྗེས་སུ་སྲུང་སྐྱོབ་དམ་བསྒྲགས་ཆེ་རུ་བཏང་ཡོད་འདུག༎

2009.12.23

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱར་ཉེན་ཁ་ཡོད་པའི་གསང་བའི་སྙན་ཐོ་འབྱོར་བའི་རྗེས་སུ་སྲུང་སྐྱོབ་དམ་བསྒྲགས་ཆེ་རུ་བཏང་ཡོད་འདུག༎

འདི་ཚེས་ཉི་ཤུ་གཉིས་ཉིན་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཧིན་རྡུསེཏན་ཁྲའེམསེ་ཞེས་པས་གནས་ཚུལ་སྤེལ་དོན་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པར་ཁག་ཅིག་ལ་མི་འདོད་པའི་སྒྲིགས་འཛུགས་ཤིག་གིས་༸གོང་ས་མཆོག་གི་སྐུ་ཕྱར་འགལ་རྐྱེན་བཟོ་རྒྱུའི་ལྐོག་བྱུས་བཏིང་གི་ཡོད་པའི་གསང་གནས་མཁོ་གྲུབ་ཀྱི་རྗེས་སུ་སྐུའི་ཉེན་སྲུང་འགན་ཁུར་ཡོད་པའི་སྒྲིག་འཛུགས་ཁག་གིས་ཕོ་བྲང་གི་ཁོར་ཡུག་གི་སྲུང་སྐྱོབ་དམ་ཏུ་གཏོང་ཡོད་པ་མ་ཟད་༸གོང་ས་མཆོག་ལ་ཕྱི་རྒྱལ་ལ་ཆིབས་བསྒྱུར་གྱི་མཛད་འཆར་མཁོ་བསྡུ་གནང་ཡོད་པའི་དགོངས་འཆར་ཡང་ཕུལ་ཡོད་འདུག

གསང་བའི་སྙན་ཐོ་ཁག་ལ་ཞིབ་འཇུག་གནང་བའི་རྗེས་སུ་སྐུའི་སྲུང་ཕྱར་དམ་བསྒྲགས་ཆེ་རུ་གཏོང་རྒྱུར་ཐག་གཅོད་ཀྱིས་མངའ་སྡེའི་སྲུང་སྐྱོབ་དཔོན་རིགས་དང་བཙལ་བྱོད་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་གདོང་ཆུང་དངོས་གྲུབ་མཆོག་གཙོས་པའི་འབྲེལ་ཡོད་རྣམས་དང་ལྷན་འཛོམས་ཀྱིས་ཕོ་བྲང་གི་ཉེན་སྲུང་ཡོ་ཆས་ཁ་སྣོན་མཁོ་གྲུབ་གནང་རྒྱུ་མ་ཟད་སྐུ་སྒེར་ཡིག་ཚང་གི་ལས་བྱེད་རྣམས་ལ་ཉེར་མཁོའི་ཉེན་སྲུང་ཟབ་སྦྱོང་གནང་རྒྱུ་ཡིན་ལུགས་ཉེན་སྲུང་འགན་འཛིན་སྤྱི་ཁྱབ་ཨེ་པི་སི་རྡིཁ་གིས་རྒྱས་བཤད་མེད་པའི་ཐོག་གསལ་བསྒྲགས་གནང་བཞག  ས་གནས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་མཐུད་ལས་ཁུངས་ནས་ཀྱང་ཕོ་བྲང་དང་གཙུག་ལག་ཁང་གི་གཡས་གཡོན་དུ་གསང་བའི་བརྙན་འཕྲིན་གསར་འཛུགས་གནང་དགོས་ལུགས་འབྲེལ་ཡོད་ལ་བཀོད་ཁྱབ་བཏང་ཡོད་འདུག ཉེ་ལམ་༸གོང་ས་མཆོག་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་བསྐྱངས་པའི་རྗེས་སུ་སྐུ་ཕྱ་དང་འབྲེལ་བའི་གནས་ཚུལ་འདྲ་མིན་བྱུང་ཡོད་པར་བརྟེན་སྲུང་སྐྱོབ་དམ་ཏུ་བཏང་ཡོད་འདུག གོང་ཞུས་གསར་ཤོག་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ནས་༸གོང་ས་མཆོག་གི་མཛད་བྱུས་ཁག་ཅིག་ལ་མི་དགའ་བའི་ཤུགས་ལྡན་ཚོགས་པས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་གསང་བའི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎