རྒྱ་ནག་གཞུང་ལ་སྟོབས་ཆེན་རྒྱལ་ཁབ་ཀྱི་བཟང་སྤྱོད་ཚང་གི་མེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ལ་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་བཟང་སྤྱོད་དེ་ཚང་གི་མེད་ཅེས་གསུངས་འདུག

2009.04.22

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ལ་དཔལ་འབྱོར་དང་མི་འབོར།དམག་དོན་བཅས་གང་གི་ཐོག་ནས་འཛམ་གླིང་གི་སྟབས་ཆེན་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་ནའང་རྒྱ་ནག་གཞུང་ལ་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་བཟང་སྤྱོད་དེ་ཚང་གི་མེད་ཅེས་གསུངས་གནང་འདུག

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་གྱི་ཕེབས་ལམ་དུ་ཉི་ཧོང་གི་རྒྱལ་ས་ཀྲོ་ཀི་ཡོའི་ནང་གསར་འགོད་ལྷན་ཚོགས་ལ་བཀའ་གནང་བའི་ནང་རྒྱ་ནག་རྒྱལ་ཁབ་ནི་དེ་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ནའང་སྤྱོད་ཚུལ་དེ་ཕྲུ་གུའི་བྱེད་སྟངས་ལྟ་བུ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཡང་གསར་འགོད་པ་ཚོས་སྤྱི་ནོར་༸གོང་ས་མཆོག་ལ་རྒྱ་ནག་གཞུང་གིས་ཉེ་ལམ་བོད་ནང་བོད་མི་ཁག་ཅིག་ལ་སྲོག་ཁྲིམས་བཅད་པ་སོགས་ཀྱི་ཁྲིམས་གཅོད་ཀྱི་ཐད་དགོངས་ཚུལ་བཀའ་འདྲི་ཞུས་པར་སྤྱི་ནོར་༸གོང་ས་མཆོག་གིས་སྤྱིའི་ཆར་ནག་ཉེས་ཡོད་མཁན་ཞིག་ཡིན་ན་ཉེས་ཆད་ཕོག་དགོས་ཀྱང་ཉེ་དུས་བོད་མི་ཚོར་བཏང་བའི་ཁྲིམས་བཅད་དེ་དག་ནི་ཆབ་སྲིད་དང་འབྲེལ་བའི་ཁྲིམས་གཅོད་ཅིག་ཡིན་པ་ལས་ཁྲིམས་གཅོད་དྲང་པོ་ཞིག་མིན་པ་དང་ལར་ནས་རྒྱ་ནག་གཞུང་གིས་ཁྲིམས་ཁང་ལ་ཡིད་ཆེས་ཐུབ་ཀྱི་མེད་ཅེས་གསུངས་ཡོད་པ་རེད། དེ་ཡང་སྤྱི་ནོར་༸གོང་ས་མཆོག་གིས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ལ་རང་དབང་ཅན་གྱི་ཁྲིམས་ཞིབ་དང་ཁྲིམས་ལུགས་ཀྱི་དབང་འཛིན་བཅས་པ་གང་ཡང་མེད་པར་ཚང་མ་དམར་ཤོག་ཚོགས་པས་བཏང་འཛིན་བྱེད་བཞིན་པ་དེ་ལྟར་རེད་ཅེས་བཀའ་གནང་ཡོད་པ་རེད།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཚོགས་སྡེ་དང་གཙུག་ལག་སློབ་གྲྭ་གྲགས་ཅན་ཁག་གིས་ཇི་ལྟར་གསོལ་འདེབས་ལྟར་ཨ་མི་རི་ཀའི་ནང་ཕེབས་ཀྱི་ཡོད་པ་དང་༸གོང་ས་མཆོག་ནས་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་བཞི་ནས་ཕྱི་ཟླ་ལྔ་པའི་ཚེས་བཞི་པའི་བར་ཨ་མི་རི་ཀའི་མངའ་སྡེ་སེན་ཕེ་རན་སིསི་ཀོ་དང་མཱེ་ས་ཆུ་སེཏ་སི།ནིའུ་ཡོག་བཅས་ནང་མཛད་འཆར་ཁག་ཅིག་སྐྱངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎