སེམས་ཀྱི་ཞི་བདེ་ནི་ཚེ་སྲིང་བའི་ཐབས་བཟང་ཤོས་ཡིན། ༧གོང་ས་མཆོག་གིས།


2018.07.17
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བསམ་བསྟན་གླིང་དགོན་དུ་ཆོས་འབྲེལ་སྐབས་ཀྱི་དད་ལྡན་པ། ༢༠༡༨།༧།༡༧ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བསམ་བསྟན་གླིང་དགོན་དུ་ཆོས་འབྲེལ་སྐབས་ཀྱི་དད་ལྡན་པ། ༢༠༡༨།༧།༡༧
OHHDL

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕན་སེམས་ལྡན་པའི་སེམས་ཀྱི་ཞི་བདེ་ནི་ཚེ་རིང་བར་གནས་རྒྱུའི་ཐབས་བཟང་ཤོས་དེ་རེད་ཅེས་བཀའ་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ལ་དྭགས་ནུབ་ར་བསམ་གཏན་གླིང་དགོན་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་གནང་མཛད་པའི་སྐབས་རང་ལ་བཀྲ་མི་ཤིས་པའི་གནས་ཚུལ་འདྲ་བྱུང་སྐབས། གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ཡིན་སྙམ་པའི་སྟོང་པ་ཉིད་ཀྱི་དོན་ལ་བསམ་ཐུབ་ན་བར་ཆད་ཞི་བའི་ཐབས་མཆོག་ཡིན་པར་མ་ཟད། ཚེ་བསྲིང་བའི་ཐབས་བཟང་ཤོས་ནི་ཕན་སེམས་ལྡན་པའི་སེམས་ཀྱི་ཞི་བདེ་ཡིན་པ་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་གཞན་ལ་ཕན་པ་བྱེད་དགོས་པའི་བསླབ་བྱ་ནི་ཆོས་ལུགས་ཚང་མར་ཡོད་པ་གཅིག་མཚུངས་ཡིན་ན་ཡང་། ནང་པ་སངས་རྒྱས་པས་གཞན་ལ་ཕན་པར་བྱེད་པའི་བསམ་པ་སྟེ་བྱང་ཆུབ་ཀྱི་སེམས་དེ་བྱ་བྱེད་ཡུལ་གསུམ་རྟོག་པས་བཏགས་ཙམ་ལས་ཆོས་ཅན་རང་ངོས་ནས་མ་གྲུབ་པ་སྟོང་པ་ཉིད་ཀྱི་ཤེས་རབས་ཀྱི་བློས་ཟིན་པ་ཞིག་དགོས་པ་གསུངས་པ་དེ་ནི་དམིགས་བསལ་ཞིག་ཡིན་པ་བཀའ་གནང་ཡོད་ལ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུར་རབ་ལ་སེམས་ཅན་གཞན་ལ་ཕན་ཐོགས་བྱེད་པ་དང་། དེ་ལྟར་མ་བྱུང་ཡང་སེམས་ཅན་སུ་ཞིག་ལ་གནོད་པ་བྱེད་པར་གནས་དགོས་པ་བཀའ་གནང་པ་དང་། དེ་ལྟ་བུའི་མི་ཚེ་ཞིག་རིང་དུ་གནས་ན་རང་ཉིད་ཀྱི་ཚོགས་བསམ་སྒྲིབ་སྦྱོང་ཉམས་ལེན་དང་གཞན་ལ་ཡང་ཕན་ཐོགས་གྲུབ་ཐུབ་པ་ཞིག་འབྱུང་རྒྱུ་ཡིན་པ་བཀའ་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ཁ་ཤས་ཡོད་པ་ནས་གལ་ཆེ་ཤོས་ནི་རང་ཉིད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་གྲུབ་ཀྱི་ཡིན་སྙམ་པའི་མངོན་འདོད་ཀྱི་དད་པ་ནི་སྐྱབས་འགྲོ་ཆོག་ཏུ་གྱུར་བ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
ཕྱི་ཚེས་ ༡༧ ཉིན་གྱི་ཚེ་དབང་གྲུབ་རྗེས། སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རྒྱལ་སྲས་རི་རྫོང་རིན་པོ་ཆེ་དབུ་ཞུགས་ཀྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུས་པ་དང་། མཛད་སྒོ་དེ་དག་གྲུབ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་རྒྱལ་ས་སླེ་རུ་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།

གསར་འགོད་པ་འགན་འཛིན་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎