བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྒྱ་གར་དུ་ཚུར་ཕེབས་ཟིན།

༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་པེ་ཅིན་དུ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་འབྲེལ་མོལ་ཐེངས་དགུ་པ་དེ་སྒྲུབ་ནས་རྒྱ་གར་དུ་ཕྱིར་ལོག།

2010.02.01

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་པེ་ཅིན་དུ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་འབྲེལ་མོལ་ཐེངས་དགུ་པ་དེ་སྒྲུབ་ནས་གཟའ་ཟླ་བའི་ཉིན་རྒྱ་གར་དུ་ཕྱིར་ལོག་གནང་ཡོད་པ་རེད་

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་དང་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཙོས་པའི་སྐུ་ཚབ་རྣམ་གཟའ་ཟླ་བའི་སྔ་དྲོ་རྒྱ་གར་གྱི་་རྒྱལ་ས་ལྡི་ལིར་ཕེབས་འབྱོར་བྱུང་ཡོད་པ་དང་ཕྱི་དྲོ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་དང་ལྷན་དུ་ད་རེས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་བཀའ་བསྡུར་ག་རེ་བྱུང་མིན་སོགས་ཞིབ་ཕྲའི་གནས་ཚུལ་སྙན་སེང་ཞུ་རྒྱུ་ཡིན་པའི་སྐོར་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་འདུག ཡིན་ནའི་སྐུ་སྒེར་དྲུང་ཆེ་མཆོག་ནས་སྐུ་ཚབ་རྣམ་པའི་དབར་གྲོས་མོལ་ག་རེ་གནང་ཡོད་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་གནང་མིན་འདུག ད་རེས་བོད་རྒྱའི་འབྲེལ་མོལ་སླར་གསོ་བྱུང་ཏེ་ཕྱོགས་གཉིས་ཀྱི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་དགུ་པ་དེ་གནང་བའི་སྐོར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཧ་ལམ་གནས་ཚུལ་གང་ཡང་མཐོང་རྒྱུ་མེད་པ་དང་ཡིན་ནའི་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་གྱིས་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གི་བློན་ཆེན་ཏུད་ཆིང་ལིང་གི་སྐད་ཆ་ལུང་འདྲེན་བྱས་ནས་དེ་རིང་གནས་ཚུལ་་སྤེལ་ཡོད་པའི་ནང་ རྒྱ་ནག་གཞུང་གིས་བོད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་ཟེར་བ་སོགས་རྒྱ་ནག་གི་བདག་དབང་ས་ཁོངས་གནད་དོན་ཐོག་གྲོས་མོལ་རྩ་བ་ནས་བྱ་ཐབས་མེད་ལུགས་དང་རྒྱ་ནག་གུང་ཁྲན་ཚོགས་པས་སྣེ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བོད་ནང་དང་རྒྱ་ནག་ཁྱོན་ཡོངས་སུ་འོས་ཤིང་འཚམས་པ་ཤིག་ཡིན་ལུགས་སོགས་འཁོད་ཡོད་པ་རེད་ ད་རེས་བོད་རྒྱ་འབྲེལ་མོལ་སླར་གསོ་བྱུང་བར་ཨ་རི་དང་ཡོ་རོབ་མཐུན་ཕྱོགས་སྒྲིག་འཛུགས་སོགས་ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་གིས་དགའ་བསུ་ཞུས་གནང་བ་དང་འབྲེལ་བོད་རྒྱའི་དབར་འབྲེལ་མོལ་སླར་གསོ་གནང་ཏེ་ཕྱོགས་གཉིས་དབར་དོན་འབྲས་སོན་པའི་གྲོས་མོལ་ཡོང་རྒྱུའི་སྐུལ་མ་ཡང་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎