བོད་རྒྱའི་འབྲེལ་མོལ་སྐོར་གསུངས་ཡོད་པ།

རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་ཐད་རྣམ་རྟོག་ཆེན་པོ་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད་ལུགས་སྐུ་ཚབ་རྣམ་གཉིས་ཀྱིས་གསུངས་གནང་འདུག

2008.07.06

༄༅༎རྒྱ་ནག་གཞུང་གིས་ ཐེངས་འདིའི་འབྲེལ་མོལ་སྐབས་ བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་འདུན་པ་སྟོན་མེད་པའི་ཁར་ བོད་ཀྱི་བདག་དབང་ཐད་རྣམ་རྟོག་ཆེན་པོ་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད་ལུགས་སྐུ་ཚབ་རྣམ་གཉིས་ཀྱིས་གསུངས་གནང་འདུག

༸གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ བོད་རང་བཙན་དོར་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་མ་གཏོགས་རྩོད་ལེན་གནང་གི་མེད་པའི་རླབས་ཆེན་གྱི་དགོངས་བཞེས་ལྷུར་ལེན་གནང་བཞིན་པ་དང་ དེར་རྒྱལ་སྤྱིའི་ཐོག་ནས་ཤུགས་རྐྱེན་ཡང་གང་འཚམས་ཡོད་པར་བརྟེན་ ཐེངས་འདིར་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་གནང་ཡོད་ཀྱང་ རྒྱ་ནག་གཞུང་གིས་བསམ་ཤེས་རྩ་བ་ནས་མ་བྱས་པ་མ་ཟད་ ཁྲིམས་ཐོག་ནས་བོད་ཀྱི་བདག་དབང་སྐོར་རྣམ་རྟོག་ཆེན་པོ་ཡོད་པའི་རྣམ་པར་ཕྱོགས་གཉིས་དབར་ད་བར་གྱི་འབྲེལ་མོལ་གང་བྱུང་མ་སླད་ཕྱིན་ཆད་ནས་མཇུག་སྐྱོང་གནང་ཕྱོགས་ཐད་ཟུང་འབྲེལ་གསལ་བསྒྲགས་ཀྱི་ཡིག་ཆ་བཟོ་རྒྱུར་ཡང་ངོས་ལེན་བྱེད་མེད་ལུགས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎